41026
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་རྒྱུད་པ། ལུས་ཀྱི་བདེ་བ་མྱོང་བ་ལ་ལྷག་པར་དབང་བྱེད་པའི་ཚོར་བ་ཞིག་ལ་བདེ་དབང་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། ལུས་ཚོར་སིམ་པར་མྱོང་བའི་དབང་པོ། ཚོར་བ་བདེ་དབང་གི་མཚན་ཉིད། ཚོར་བ་བདེ་དབང་ཡིན་ན། ཚོར་བ་བདེ་བ་ཡིན་པས་ཁྱབ་ཀྱང་། ཚོར་བ་བདེ་བ་ཡིན་ན། དེ་ཡིན་པས་མ་ཁྱབ་སྟེ། ཚོར་བ་བདེ་དབང་ཡིན་ན། ལུས་ཚོར་ཡིན་པས་ཁྱབ། ཚོར་བ་བདེ་བ་ལ་དེས་མ་ཁྱབ་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:བདེ་དབང་
|; |@@@ | | }}