41060

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་བ་སྐྱེ་བ་གསུམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བདེ་བ་སྐྱེ་བ་ནི། མདོ་ལས། དབེན་པ་ལས་སྐྱེས་པའི་བདེ་བ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བ་དང་། དགའ་བ་མེད་པའི་བདེ་བ་སྐྱེ་བ་གསུམ་བཤད་པའི་བདེ་བ་སྐྱེ་བ་གསུམ་པོ་ནི་བསམ་གཏན་དང་པོ་གསུམ་རེ་རེ་ལས་གསུམ་གསུམ་ཡོད་པས་ས་དགུར་བཤད་པ་རྣམས་ཡིན་ཏེ། དེ་ལ་བསམ་གཏན་དང་པོའི་གསུམ་ནི་འདོད་པ་ལས་དབེན་པ་ལས་སྐྱེས་པའི་བདེ་བ་དང་། གཉིས་པའི་གསུམ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བའི་བདེ་བ་དང་། གསུམ་པའི་གསུམ་ནི་དགའ་བ་མེད་པའི་བདེ་བ་ཡིན། གལ་ཏེ་དེ་ལྟ་ན་དང་པོའི་བསམ་གཏན་ཁྱད་པར་ཅན་སྐྱེས་པ་དེ་བདེ་བ་སྐྱེ་བ་མ་ཡིན་པར་འགྱུར་ཏེ། བཏང་སྙོམས་ཀྱི་ས་པ་ཡིན་པས་དགའ་བ་དེ་མེད་པའི་ཕྱིར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདི་ནི་ཕལ་ཆེ་བ་བསྟན་པ་ཡིན་ཏེ། དཔེར་ན་མདོ་ལས། མངོན་པར་ཤེས་པ་གང་ཞེ་ན། ཤེས་རབ་དགེ་བ་འོ། །ཞེས་འབྱུང་བ་བཞིན་ནོ་ཞེས་ཟེར་རོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:བདེ་བ་སྐྱེ་བ་གསུམ་

|; |@@@ | | }}