41062

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་བའི་དབང་པོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དབང་པོ་ཉི་ཤུ་རྩ་གཉིས་ཀྱི་ནང་གསེས་ཤིག མིག་ལ་སོགས་པའི་རྣམ་ཤེས་ལྔའི་འཁོར་དུ་ཚོར་བ་སིམ་པ་སྟེ། ཕན་འདོགས་པའི་ཕྱིར་བདེ་བའི་དབང་པོ་དང་། བསམ་གཏན་གསུམ་པ་ན་སེམས་ཏེ་ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་སྐྱེས་པའི་ཚོར་བ་སིམ་པ་གང་ཡིན་པ་དེ་ཡང་བདེ་བའི་དབང་པོ་ཡིན་ཏེ། བསམ་གཏན་གསུམ་པར་དགའ་བའི་འདོད་ཆགས་དང་བྲལ་བས་བརྟན་པར་གནས་པའི་ཕྱིར་ན་བདེ་བའི་དབང་པོ་ཡིན།
Domain ཆོས་ལུགས།

{{#arraymap:བདེ་བའི་དབང་པོ་

|; |@@@ | | }}