41080

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཉ་པར་བཞུགས།

{{#arraymap:བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་

|; |@@@ | | }}

བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་ཆོས་གོས་བཟོ་བྱེད་དུ་བཅུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བླ་མ་ལྟར་འཆོས་པ་དང་། དོན་དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་ལུས་བོངས་སངས་རྒྱས་ཀྱི་སྐུ་ལུས་ཙམ་མེད་པར་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དང་དེ་བས་ལྷག་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་རང་ངམ་བསྐོས་པས་བཟོ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མདོ་རྩ་བར། སྟོན་པ་རང་གི་ཁྲུ་ལྔ་དང། གསུམ་པའི་ཆོས་གོས་སོ། །དེའི་ལུས་ཙམ་མེད་པར་དེའི་ཚད་དམ་ལྷག་པའི་ཆོས་གོས་བྱེད་དམ། བྱེད་དུ་འཇུག་པ་ལའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གང་སྟོན་པའི་སྐུ་ཚད་དང་མི་ལྡན་བཞིན་དུ་སྟོན་པའི་ཆོས་གོས་ཀྱི་ཚད་དམ་དེ་ལས་ལྷག་པ་བྱེད་དམ། བྱེད་དུ་འཇུག་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་

|; |@@@ | | }}