From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བདེ་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
གུར་ཀུམ་སྟེ། ནུས་པས་ལུས་ཟུངས་སྐྱེེད་པས་སོ། །
|
| Type
|
མངོན་བརྗོད།
|
བདེ་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
བརྒྱ་བྱིན་གྱི་མཚོན་ཆ་སྟེ། དེས་ལྷ་མིན་འཇོམས་ཤིང་ལྷ་རྣམས་ལ་བདེ་འཇགས་ཀྱི་དཔལ་སྟེར་བར་བྱེད་པས་སོ། །
|
བདེ་བྱེད་ (3)
| Part of speech
|
མིང་ཚིག
|
| Definition
|
ཆུ་སྲིན་ཏེ། རྒྱ་མཚོའི་ནང་གི་སྲོག་ཆགས་གཞན་གྱིས་མི་འཚེ་བའི་ཕྱིར།
|
བདེ་བྱེད་ (4)
| Part of speech
|
མིང་ཚིག
|
| Definition
|
ཕོ་རྟགས་ཏེ། འདོད་པའི་བདེ་བ་བྱེད་པའི་ཕྱིར་རོ། །
|
བདེ་བྱེད་ (5)
| Part of speech
|
མིང་ཚིག
|
| Definition
|
དབང་ཕྱུག་སྟེ། གཟུགས་ཧ་ཅང་མཛེས་པས་གཞན་ཡིད་ལ་དགེ་བ་དང་བདེ་བ་ཚད་མེད་འབྱུང་བའི་ཕྱིར་རོ། །
|
བདེ་བྱེད་ (6)
| Part of speech
|
མིང་ཚིག
|
| Definition
|
སྨན་པ་སྟེ། འགྲོ་བ་རྣམས་ནད་ཀྱི་སྡུག་བསྔལ་ལས་གྲོལ་བར་བྱེད་པས་སོ། །
|
བདེ་བྱེད་ (7)
| Part of speech
|
མིང་ཚིག
|
| Definition
|
དཔྱིད་ཀ་སྟེ། གྲང་རེག་དང་བྲལ་ནས་བདེ་བར་བྱེད་པས་སོ། །
|
བདེ་བྱེད་ (8)
| Part of speech
|
མིང་ཚིག
|
| Definition
|
ཨ་རུ་ར་སྟེ། ལུས་སེམས་བདེ་བར་འཚོ་བའི་ནུས་པ་དང་ལྡན་པས་སོ། །
|
བདེ་བྱེད་ (9)
| Part of speech
|
མིང་ཚིག
|
| Definition
|
གྲངས་བཅུ་གཅིག་སྟེ། ལྷ་དབང་ཕྱུག་ཆེན་པོའི་མིང་གི་རྣམ་གྲངས་ལ་མ་སྐྱེས་རྐང་གཅིག་དང༌། འཕེལ་བ། བསྟོད་པ། དྲག་པོ། བརྩོན་འགྲུས་ལྡན། འཕྲོག་བྱེད། བདེ་འབྱུང༌། སྤྱན་གསུམ། གཞན་ལས་རྒྱལ་བ། དབང་ལྡན། ས་གསུམ་བཅས་བཅུ་གཅིག་ཡོད་པས་གྲངས་བཅུ་གཅིག་མཚོན་ནོ། །
|