41094

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་མཆོག་གི་དམར་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། བདེ་མཆོག་གི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་སོ་བཞི་པ་ཡིན། བརྗོད་བྱ། བྱང་ཆུབ་པ་ལྔའི་སྒོ་ནས་བདེ་མཆོག་ལྷན་སྐྱེས་ཀྱི་བསྐྱེད་རྫོགས་ཀྱི་དམིགས་རིམ་དང་བདེ་མཆོག་ལྷན་སྐྱེས་ལ་བསྟེན་པའི་འཕོ་བའི་དམིགས་རིམ། བར་དོ་སྦྱང་བ་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་རྡོ་རྗེ་ཕག་མོ་དང་། དགའ་རབ་རྡོ་རྗེ་རྡོ་རྗེ་གདན་པ་གཉིས། བ་རི་ལོ་ཙཱ་ས་སྐྱའི་གོང་མ་ལྔ། ཞང་དང་བྲག་ཕུག་དཔལ་ལྡན་བླ་མ་རྗེ། རྒྱལ་སྲས་ཐོགས་མེད་བྱང་སེམས་རྭ་སྒྲེང་བ། པཎ་ཆེན་ཤཱཀ་མཆོག་གཞོན་ནུ་ཆོས་གྲུབ་མཚན། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་དུ། གསུང་རྒྱུན་ལས་བྲིས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:བདེ་མཆོག་གི་དམར་ཁྲིད་

|; |@@@ | | }}