41109
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཇོ་ནང་། བདེ་མཆོག་བོང་ཞལ་ཅན་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་དོན་གསུམ་པ་ཡིན། བརྗོད་བྱ་ནི། པཎ་ཆེན་སྐལ་ལྡན་བྱང་ཆུབ་ཀྱི་ལུགས་བདེ་མཆོག་བོང་ཞལ་ཅན་གྱི་རྫོགས་རིམ་ཕྲ་ཐིག་གི་རྣལ་འབྱོར་གཙོ་བོར་བསྟན་ཡོད། བརྒྱུད་རིམ་ནི། འཁོར་ལོ་བདེ་མཆོག་རྡོ་རྗེ་ཕག་མོ་དང་། །སྐལ་ལྡན་བྱང་ཆུབ་འཚོ་བའི་བྱང་ཆུབ་ཆེ། །མཧཱ་བོ་དྷི་བསམ་གཏན་འོད་ཟེར་པ། །གུ་གེ་གྲགས་རྒྱལ་མཁན་ཆེན་བསོད་ལྷུན་ཞབས། །ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཞལ་ལས་འོངས་པ་ཉིད་རྗེན་པར་བྲིས། ཞེས་འབྱུང་ངོ་། ། |
Domain | ཆོས་ལུགས། |
{{#arraymap:བདེ་མཆོག་བོང་ཞལ་ཅན་གྱི་ཁྲིད་
|; |@@@ | | }}