41147

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེ་ཡངས་ཞབས་དྲུང་བློ་བཟང་ནོར་བུ་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་བརྒྱད་པའི་སྨད་དུ་མདོ་སྨད་མང་རར་འཁྲུངས། ཆུང་དུས་ནས་བདེ་ཆེན་དགོན་པའི་ཆོས་གྲྭར་ཞུགས། ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་བཅས་ལ་སྦྱངས། བྱང་ཁྱུང་དགོན་ནས་གཞུང་ཆེན་ཁག་ལ་ཐོས་བསམ་གནང། བྱང་ཆུབ་ལམ་རིམ་ཆེན་མོ་ཐུགས་འཛིན་དང་ཉམས་བཞེས་གནང་། སྨན་པ་གྲྭ་ཚང་གི་བླ་མའི་ཐོག་མ་དང་། བདེ་ཆེན་དཔོན་སློབ་ཀྱི་འགན་ཁུར། རབ་བྱུང་བཅུ་བཞི་པའི་བགྲང་བྱ་བཅུ་གསུམ་པ་ས་ཡོས་ཕྱི་ལོ ༡༨༡༩ ལོར་བྱ་ཁྱུང་དགོན་པའི་ཁྲིར་བཞུགས། ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ང་དྲུག་པ་ཡིན།

{{#arraymap:བདེ་ཡངས་ཞབས་དྲུང་བློ་བཟང་ནོར་བུ་

|; |@@@ | | }}