41148
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཁྲུངས་ལོ་མི་གསལ། བདེ་རྒུ་བླ་མ་ཆུང་བ་ཡིན། བྱང་ཆུབ་སེམས་དཔའ་སྦྱོར་ལམ་པར་གྲགས། གཞོན་དུས་ནས་བྱ་བཏང་བ་མཛད། རྡོ་རྗེ་རི་དང་། དྲག་མོ་རྒྱལ། བྱང་ཆུབ་གླིང་སོགས་སུ་བཞུགས་གནས་བྲག་ཕུག འཚོ་བ་བསོད་སྙོམས་བྱས་ཏེ། རྡོ་རྗེ་རི་དང་། དྲག་མོ་རྒྱལ། བྱང་ཆུབ་གླིང་སོགས་བཞུགས། རབ་བྱུང་བཅུ་གཉིས་པའི་ཆུ་བྱ་ཕྱི་ལོ ༡༦༩༣ ལོར་དགོན་ལུང་བྱམས་པ་གླིང་ཁྲིར་ཕེབས། གདན་ས་ལོ་བརྒྱད་རིང་བསྐྱངས། ཐུགས་དམ་གྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་། གཅོད་ཀྱི་གདམས་པ་ལ་མཛད་པ་ཞིག་ཡིན། འདས་ལོ་མི་གསལ། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་ཉེར་གཉིས་པ་ཡིན། |
{{#arraymap:བདེ་རྒུ་ཀུན་དགའ་རྒྱལ་མཚན་
|; |@@@ | | }}