41196

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེན་གྲུབ་ (1)
Part of speech མིང་ཚིག
Definition རང་རྒྱུད་པའི་ལུགས་ལ། བློ་གནོད་མེད་ལ་སྣང་བའི་དབང་གིས་གཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ་བདེན་པར་གྲུབ་པའི་ཚད་ཡིན། དབུ་མ་ཐལ་འགྱུར་པའི་ལུགས་ལ། རྟོག་པས་བཏགས་པ་ཙམ་དུ་གྲུབ་པ་མ་ཡིན་པར་ཡུལ་རང་ངོས་ནས་གྲུབ་པ་དེ་བདེན་པར་གྲུབ་པའི་ཚད་ཡིན། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ། རང་ངོས་ནས་གྲུབ་པ། ཡང་དག་པར་གྲུབ་པ། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། བདེན་པར་གྲུབ་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:བདེན་གྲུབ་

|; |@@@ | | }}