41198

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེན་དཔང་ (1)
Part of speech མིང་ཚིག
Definition གནས་ཚུལ་ཁུངས་སྐྱེལ་བྱེད་པའི་མི་དང་དངོས་པོའི་མིང་སྟེ།
Example གཞན་ལ་སྐྱོན་འཛུགས་བྱེད་ན་ངེས་པར་དུ་བདེན་དཔང་དགོས་ལྟ་བུ།

{{#arraymap:བདེན་དཔང་

|; |@@@ | | }}

བདེན་དཔང་ (2)
Part of speech མིང་ཚིག
Definition སའི་ལྷ་མོ་བརྟན་མ་སྟེ། སྔོན་སངས་རྒྱས་ཤཀྱཱ་ཐུབ་པ་སངས་རྒྱས་པའི་ཚེ། བདུད་ཀྱིས་གླགས་བཙལ་ནས་གེགས་བྱེད་པར། སངས་རྒྱས་ཀྱིས་ཁྱོད་རང་གཏན་པ་མེད་པའི་མཆོད་སྦྱིན་གཅིག་གི་འབྲས་བུས་འདོད་པའི་དབང་ཕྱུག་ཐོབ་པ་ཡིན་གྱི་སངས་རྒྱས་མི་ཐུབ་སྟེ། ངས་ནི་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་འབྲས་བུར་སངས་རྒྱས་པའོ། །ཞེས་གསུངས་པར། བདུད་ཀྱིས་བདག་ཡིད་མི་ཆེས། ཁྱེད་ལ་དཔང་པོ་ཅི་ཡོད་ཅེས་དྲིས་པར། སངས་རྒྱས་ཀྱིས་ཕྱག་གཡས་ལ་སྐུ་ལ་བྱིལ་ནས་ས་ལ་བརྡབས་ཏེ། ས་ཆེན་པོ་འདི་བདག་གི་དཔང་པོའོ། ཞེས་གསུངས་པ་དང་། སའི་འོག་ནས་ས་ཡི་ལྷ་མོ་བྱུང་སྟེ། ཕྱག་ན་གསེར་གྱི་བུམ་པ་བཟུང་ཞིང་། ང་ནི་ས་ཆེན་པོ་འདིའི་བདག་མོ་ཡིན། སྟོན་པས་གསུངས་པ་བདེན་ཏེ། དཔང་པོ་ནི་བདག་གོ་ཞེས་བརྗོད་པས་མིང་དེ་ལྟར་གྲགས་སོ། །
Type མངོན་བརྗོད།

{{#arraymap:བདེན་དཔང་

|; |@@@ | | }}