41203

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེན་པ་གཉིས་ཀྱི་བདེན་ལུགས་གཉིས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། སྔགས། རྣལ་འབྱོར་བླ་མེད་རྒྱུད། ཇི་ལྟར་བདེན་ཚུལ་གྱི་སྒོ་ནས་དབྱེ་བའི་བདེན་པ་གཉིས་ཏེ། ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་མཛད་པའི་བདེན་གཉིས་གསལ་བའི་ཉི་མ་ལས། ཀུན་རྫོབ་ནི་རྣམ་ཤེས་སམ་འཁྲུལ་ངོར་སྣང་ཞིང་བདེན་ལ། ཡེ་ཤེས་སམ་མ་འཁྲུལ་བའི་ངོར་མི་སྣང་ཞིང་མི་བདེན་པས་གཤིས་ལ་རང་གི་ངོ་བོས་སྟོང་པའི་རང་སྟོང་དང་། དོན་དམ་ནི་དེ་ལས་ཟློག་པ་ཡིན་ཏེ། ཞེས་བྱུང་། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:བདེན་པ་གཉིས་ཀྱི་བདེན་ལུགས་གཉིས་

|; |@@@ | | }}