41204

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེན་པ་གཉིས་ཀྱི་སྒོ་ནས་དབྱེ་བའི་དབུ་མ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཁོ་བོ་ཅག་ཀུན་རྫོབ་ཏུ་ཇི་ལྟར་གནས་པ་དེ་ལྟར་འདོད་དེ། ཀུན་རྫོབ་ཏུ་ཆད་པའི་མཐའ་ལས་གྲོལ་ལ། དོན་དམ་པར་གང་དུ་ཡང་འདོད་པ་མེད་པས་མཐའ་ཐམས་ཅད་ལས་གྲོལ་བས་དབུ་མ་ཞེས་བྱའོ། །ཞེས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མངོན་རྟོགས་ལྗོན་ཤིང་ལས་གསུངས་སོ། །ཀུན་རྫོབ་སྣང་ཙམ་ལ་དབུ་མར་གཞག་པ་ནི། ཀུན་རྫོབ་སྣང་ཙམ་གྱི་རྒྱུ་འབྲས་འདི་དག་འབྲས་བུ་མྱུ་གུ་ལྟ་བུའི་དུས་ན་རྒྱུ་ས་བོན་ལྟ་བུ་རྒྱུན་ཆད་པ་ཡང་མ་ཡིན་པས་ཆད་པའི་མཐའ་ལས་གྲོལ། མྱུ་གུའི་ཚེ་ས་བོན་ཡོད་པ་ཡང་མ་ཡིན་པས་རྟག་པའི་མཐའ་ལས་གྲོལ་བས་དབུ་མ་སྟེ། རྩ་ཤེར་ལས། གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་པ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་གསུངས་པས་སོ། །འདི་ནི་རྒྱུ་འབྲས་ཀྱི་འཇོག་ཚུལ་རྟོག་གེའི་གཞུང་ལས་བཤད་པ་དང་གཏན་མི་འདྲ་བར། འབྲས་བུའི་དུས་ན་རང་གི་རྒྱུ་དེ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ངོ་བོ་གཅིག་ཀྱང་མ་ཡིན། ངོ་བོ་ཐ་དད་ཀྱང་མ་ཡིན་པའི་སྒོ་ནས་རྟག་ཆད་སྤོང་ཚུལ་ལོ། །དོན་དམ་སྤྲོས་བྲལ་ལ་དབུ་མར་བཞག་པ་ནི། ཆོས་དབྱིངས་དོན་དམ་པའི་བདེན་པ་རིགས་པས་དཔྱད་པའི་བློ་ངོར་རིམ་པ་ལྟར་རམ། འཕགས་པའི་མཉམ་གཞག་གི་བློ་ངོར་གཅིག་ཅར་དུ་མཐའ་བཞིའི་སྤྲོས་པ་དང་བྲལ་བས་དོན་དམ་པའི་བདེན་པ་ཉིད་དུ་དབུ་མ་སྟེ། མཐའ་གཉིས་དང་བྲལ་བ་ལའང་དབུ་མར་འཇོག་ན། མཐའ་ཐམས་ཅད་དང་བྲལ་བ་ལ་དབུ་མར་འཇོག་པ་ཤིན་ཏུའང་འཐད་པའི་ཕྱིར་རོ། །བདེན་གཉིས་ཟུང་འཇུག་ལ་དབུ་མར་གཞག་པ་ནི། ཀུན་རྫོབ་སྣང་ཙམ་དུ་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བས་ཆད་པའི་མཐའ་ལས་གྲོལ། འབྱུང་ཚུལ་དེ་ཉིད་ལ་མཐའ་བཞི་རིགས་པས་དཔྱད་པའི་ཚེ་མི་རྙེད་པའི་སྟོང་པར་སོང་བས་རྟག་པའི་མཐའ་ལས་གྲོལ་བས་དེ་གཉིས་དབྱེར་མེད་པ་དབུ་མ་སྟེ། རྩོད་ཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག །ཅེས་སོགས་སྔར་དྲངས་པ་ལྟར་རོ། །འདི་ནི་སོ་སྐྱེའི་བློ་ལ་ལྟོས་ནས་སྔ་ཕྱི་རེས་འཇོག་བསྡམས་ནས་ཟུང་འཇུག་རྟོགས་ཚུལ་ཡིན་ལ། མཐར་ཐུག་ཟུང་འཇུག་མངོན་དུ་གྱུར་པའི་ཚུལ་ནི། སྲིད་ཞི་མཉམ་ཉིད་དང་། འཁོར་འདས་དབྱེར་མེད་དང་། ཀུན་ནས་ཉོན་མོངས་དང་རྣམ་བྱང་རོ་གཅིག་པའོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:བདེན་པ་གཉིས་ཀྱི་སྒོ་ནས་དབྱེ་བའི་དབུ་མ་

|; |@@@ | | }}