41215
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བདེན་པ་བཞི་ནི་སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་དང་བཞི། བདེན་བཞི་དེ་ལ་ནི་འཁོར་བ་རྒྱུ་འབྲས་ཀྱི་དབང་དུ་བྱས་པ་སྡུག་ཀུན་གཉིེས་དང་རྣམ་བྱང་གི་བདེན་པ་རྒྱུ་འབྲས་ཀྱི་དབང་དུ་བྱས་པ་འགོག་ལམ་གཉིས་སུ་ཡོད། དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། ཐར་པ་དོན་གཉེར་རྣམས་ཀྱི་གཏན་ལ་དབབ་བྱའི་གཙོ་བོ་ནི། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པ་གཉིས་སུ་ངེས་ལ། འཁོར་བ་ལ་ཡང་རྒྱུ་འཆིང་བྱེད་ཀུན་འབྱུང་བདེན་པ་དང། འབྲས་བུ་བཅིངས་པ་སྡུག་བསྔལ་གྱི་བདེན་པ་གཉིས་སུ་ངེས་སོ། །རྣམ་བྱང་ལ་ཡང་འཁོར་བ་ལས་གྲོལ་བར་བྱེད་པའི་ཐབས་རྒྱུ་ལམ་གྱི་བདེན་པ་དང། གྲོལ་བ་འབྲས་བུའི་ངོ་བོ་འགོག་པའི་བདེན་པ་གཉིས་སུ་ངེས་པས་འཁོར་བ་འཇུག་ལྡོག་གི་རྒྱུ་འབྲས་བཞིར་ངེས་སོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:བདེན་པ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དོན་གསལ་བར་བྱེད་པ་ལས། བདེན་པ་བཞི་ནི་སྟོན་པ་པོ། །ཞེས་པ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང༌། ཐུགས་རྗེ་འོད་ཟེར་གྱི་སྐུ་སྟེ་བཞིའོ། །དེ་བཞི་ནི་མི་བསླུ་མི་བརྫུན་ཏེ་ངེས་པའོ། །ཞེས་གསུངས། |
{{#arraymap:བདེན་པ་བཞི་
|; |@@@ | | }}