41218

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེན་པ་བཞི་ལ་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ། ཀུན་འབྱུང་བ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་བ་ལ་ཆོས་ཤེས་པ། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང༌། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པ། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། འགོག་པ་ལ་ཆོས་ཤེས་པ། འགོག་པ་ལ་རྗེས་སུ་རྟོགས་པའི་བཟོད་པ་དང༌། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ། ལམ་ལ་ཆོས་ཤེས་པའི་བཟོད་པ་དང༌། ལམ་ལ་ཆོས་ཤེས་པ། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་དང༌། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའོ། །བཟོད་པ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་སྟེ། བདེན་པ་ལ་བཟོད་ཅིང་ཉོན་མོངས་པ་སྤོང་བར་བྱེད་པ་ཡིན་ནོ། །ཤེས་པ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་སྟེ། བདེན་པ་ལ་ངེས་ཤིང་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:བདེན་པ་བཞི་ལ་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་

|; |@@@ | | }}