41230
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ཁམས་གོང་འོག་གི་སྡུག་བསྔལ་ཤེས་པ་ན་སྡུག་བསྔལ་ཟད་པར་མངོན་པར་རྟོགས་པ་དང་། དེ་བཞིན་ཁམས་གོང་འོག་གི་ཀུན་འབྱུང་སྤངས་པ་ན་ཀུན་འབྱུང་ཟད་པར་རྟོགས་པ། ཁམས་གོང་འོག་གི་འགོག་པ་མངོན་དུ་བྱས་པ་ན་འགོག་པ་ཟད་པར་མངོན་པར་རྟོགས་པ་དང་། ལམ་ལ་ནི་དེ་ལྟར་མེད་དེ། སེར་སྨད་རྒྱལ་དབང་མཛོད་ལས། ཆོས་ཤེས་གསུམ་གྱི་ཚེ་བདེན་པ་གསུམ་པོ་རེ་རེ་ནས་ཟད་པར་མ་རྟོགས་པའི་ཕྱིར་ཏེ། རིམ་པ་བཞིན་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་མི་ཤེས་ཤིང༌། ཀུན་འབྱུང་མ་སྤངས་ལ། འགོག་པ་མངོན་དུ་མ་བྱས་པའི་ཕྱིར། རྗེས་ཤེས་གསུམ་གྱི་ཚེ་བདེན་པ་གསུམ་པོ་རེ་རེ་ནས་ཟད་པ་སྟེ་རྫོགས་པར་རྟོགས་པས་ན། བདེན་པ་དེ་དག་ལ་དམིགས་ནས་རྗེས་སུ་ཤེས་པའི་ཀུན་རྫོབ་ཤེས་པ་རེ་རེ་ཡང་གསར་དུ་ཐོབ་བོ། །ཞེས་དང། མཆིམས་མཛོད་ལས། འདི་ནི་བདེན་པ་ཟད་པར་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཡིན་ན་ལམ་ནི་ཟད་པར་སྒོམ་པར་མི་ནུས་ཏེ། ཉན་རང་སངས་རྒྱས་གསུམ་གྱི་ལམ་གྱི་རིགས་མང་ཞིང་དེ་དག་རེ་རེ་ལའང་ཆུང་འབྲིང་ལ་སོགས་པའི་དབྱེ་བ་མང་བས་མཐའ་མེད་པའི་ཕྱིར་དང༌། (གང་རུང་གཅིག་བསྒོམས་ན་གང་རུང་བརྟགས་མིན་འཐོབ་པས)དེ་དག་གང་ཟག་གཅིག་གིས་(དུས་གཅིག་ཏུ་)སྒོམ་པའང་མི་སྲིད་པའི་ཕྱིར་རོ། །མངོན་པར་རྟོགས་པ་ཞེས་བྱ་བའང་སྡུག་བསྔལ་ཤེས་པ་ནས་ལམ་སྒོམ་པའི་བར་རང་གི་བྱ་བ་བྱས་པ་ཡིན་ནོ། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:བདེན་པ་ཟད་པར་མངོན་པར་རྟོགས་པ་
|; |@@@ | | }}