41261

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེན་བཞི་རགས་པ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། བདེན་བཞི་རགས་པ་འཇོག་ཚུལ་ནི། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་ཉོན་མོངས་ལྷན་སྐྱེས་ཀྱིས་ཀུན་ནས་བསླངས་པའི་ལས་དེ་ལ་ཉོན་མོངས་དེས་བསྐྱེད་པའི་སྲེད་ལེན་གཉིས་ཀྱིས་གསོས་བཏབ་པའི་འཕེན་འགྲུབ་ཀྱི་ལས་ཉོན་གཉིས་ཀུན་འབྱུང་དུ་བྱས་པའི་རྒྱུ་ཀུན་འབྱུང་སོགས་བཞི། ལས་ཉོན་དེ་དག་གི་དབང་གིས་བྱུང་བའི་སྡུག་བདེན་ལ་མི་རྟག་སྡུག་བསྔལ་གཉིས། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བདག་མེད་གཉིས་དང་བཅས་པའི་སྡུག་བདེན་གྱི་རྣམ་པ་བཞི། སྟོང་ཉིད་རྟོགས་པ་ལ་མ་ལྟོས་པར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་ལམ་རིག་པ་སོགས་བཞིར་ཕྱེ་བའི་ལམ་བདེན་གྱི་རྣམ་པ་བཞི། དེ་ཙམ་ཞིག་བསྒོམས་ནས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དང་དེས་དྲངས་པའི་ཉོན་མོངས་མངོན་གྱུར་སྤངས་པའི་སྤངས་པ་རྣམས་ལ་འགོག་པ་ཞི་བ་སོགས་བཞིར་ཕྱེ་བའི་བཅུ་དྲུག་པོ་རགས་པ་དང༌། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བདེན་བཞི་རགས་པ་

|; |@@@ | | }}