41266

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེན་བཞི་སྟོན་པའི་སངས་རྒྱས་ཀྱི་གསུང་ (1)
Part of speech མིང་ཚིག
Definition འདི་ནི་ཡོངས་གྲགས་སུ་ནང་པའི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་འཇིག་རྟེན་གྱི་ཁམས་འདིར་རང་ཉིད་སངས་རྒྱས་པའི་མཛད་པ་ཡོངས་སུ་བསྟན་པའི་རྗེས་སུ་ཡུལ་ཝཱ་ར་ནཱ་སིར་བྱོན་ནས་འཁོར་གྱི་ཐོག་མ། ཀུན་ཤེས་ཀཽཎྜི་ནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན། བཅས་འཁོར་ལྔ་སྡེ་བཟང་པོ་ལ་གསུངས་པའི་འཁོར་ལོ་དང་པོའི་མདོ་སྟེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། །ཞེས་བདེན་བཞིའི་གནས་ཚུལ་དང་འབྲེལ་བའི་གཞི་ཡི་ངོ་བོ་དང་། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་བདེན་བཞི་སོ་སོ་དང་འབྲེལ་བའི་འཇུག་ལྡོག་གི་རིམ་པ་ལ་བརྟེན་ནས་བགྲོད་པའི་བྱེད་པ་ལམ་ཉམས་སུ་ལེན་པའི་རིམ་པ་དང་། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད། ཅེས་བདེན་བཞི་དང་འབྲེལ་བའི་ཆོས་རྣམས་ཀྱི་གནས་ལུགས་བསྟན་པའི་སྒོ་ནས་བྱ་བའི་འབྲས་བུ་མི་སློབ་པའི་ལམ་དང་བཅས་པ་གཞི་ལམ་འབྲས་གསུམ་གྱི་གནད་ཡོངས་སུ་ཚངས་པའི་བདེན་བཞི་ལན་གསུམ་ཆ་བཅུ་གཉིས་སྟོན་པའི་སངས་རྒྱས་ཀྱི་གསུང་། པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་ལས། ངོ་བོ་ལ་བཟླས་པ་དང་། བྱེད་པ་ལ་བཟླས་པ། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་གསུངས་པས་ཤེས་སོ། །
Domain ཆོས་ལུགས།

{{#arraymap:བདེན་བཞི་སྟོན་པའི་སངས་རྒྱས་ཀྱི་གསུང་

|; |@@@ | | }}