41268
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་གང་ཟག་གི་བདག་མེད་སྟོན་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མདོར་དམིགས་པ། མཚན་གཞི་ནི། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་སོགས་ཆོས་ཀྱི་འཁོར་ལོའི་མདོར་གྲགས་པ་དེ་ལྟ་བུའོ། ། |
{{#arraymap:བདེན་བཞིའི་ཆོས་འཁོར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཕར་ཕྱིན། ངོ་བོ་ནི། བདེན་བཞི་རྟོགས་པའི་རྟོགས་པ་འཁོར་བཅས། དེ་སྟོན་པའི་ཆོས་ཀྱི་ཕུང་པོ་ནི་འདུལ་བ་ལུང་ལ་སོགས་པའོ། །ཞེས་གཡག་སྟོན་གྱི་ཤེར་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །མཚན་ཉིད་ནི། འཕགས་པའི་བདེན་པ་བཞི་བརྗོད་བྱའི་གཙོ་བོར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ། དབྱེ་ན་གསུམ་སྟེ། བཀའ་དང་པོ་འདུལ་བ་ལུང་ལྟ་བུ། བར་པ་བདེན་པ་བཞི་གཙོ་བོར་སྟོན་པའི་ཤེར་ཕྱིན་གྱི་མདོའི་ཆ་ཤས་ལྟ་བུ། ཐ་མ་བདེན་པ་བཞི་གཙོ་བོར་བྱས་ནས་སྟོན་པའི་བཀའ་ཐ་མའི་ཆ་ཤས་འགའ་ཞིག་ལྟ་བུ་ལ་བྱའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། ། |
{{#arraymap:བདེན་བཞིའི་ཆོས་འཁོར་
|; |@@@ | | }}