41281

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེན་མེད་སྒྲུབ་པའི་རྟགས་ཀྱི་དབྱེ་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ༡ གཅིག་དུ་བྲལ་གྱི་རྟགས།
Example མྱུ་གུ་ཆོས་ཅན། ཁྱོད་དོན་དམ་པར་མེད་དེ། དོན་དམ་པར་བདག་ལས་ཀྱང་མི་སྐྱེ། དོན་དམ་པར་གཞན་ལས་ཀྱང་མི་སྐྱེ། དོན་དམ་པར་བདག་གཞན་གཉིས་ཀ་ལས་ཀྱང་མི་སྐྱེ། རྒྱུ་མེད་ལས་ཀྱང་མི་སྐྱེ་བའི་ཕྱིར། ༣ ཡོད་མེད་སྐྱེ་འགོག་གི་རྟགས། མྱུ་གུ་ཆོས་ཅན། ཁྱོད་སྐྱེ་བ་དོན་དམ་པར་མེད་དེ། རང་གི་རྒྱུའི་དུས་ན་ཡོད་པ་ཡང་མི་སྐྱེ། དེའི་དུས་ན་མེད་པ་ཡང་དོན་དམ་པར་མི་སྐྱེ་བའི་ཕྱིར། ༤ མུ་བཞི་སྐྱེ་འགོག་གི་རྟགས། མྱུ་གུ་ལ་སོགས་པའི་དངོས་པོ་རྣམས་ཆོས་ཅན། དོན་དམ་པར་སྐྱེ་བ་མེད་དེ། རྒྱུ་གཅིག་ཁོ་ནས་འབྲས་བུ་དུ་མ་དོན་དམ་པར་སྐྱེད་པ་ཡང་མ་ཡིན། དེས་འབྲས་བུ་གཅིག་ཁོ་ན་དོན་དམ་པར་སྐྱེད་པ་ཡང་མ་ཡིན། རྒྱུ་དུ་མས་འབྲས་བུ་གཅིག་ཁོ་ན་དོན་དམ་པར་སྐྱེད་པ་ཡང་མ་ཡིན། དེས་འབྲས་བུ་དུ་མ་དོན་དམ་པར་སྐྱེད་པ་ཡང་མ་ཡིན་པའི་ཕྱིར། ༥ རྟེན་འབྲེལ་གྱི་རྟགས། མྱ་གུ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར།

{{#arraymap:བདེན་མེད་སྒྲུབ་པའི་རྟགས་ཀྱི་དབྱེ་བ་

|; |@@@ | | }}