41283
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། དབུ་མ། དོན་དམ་བདེན་པ་སོགས་ཚད་མས་གྲུབ་པར་ཁས་བླངས་ནས། ཕྱིེས་དེ་དཔྱད་གཞིར་གཟུང་ནས་དཔྱོད་པའི་རིག་ངོར། དེ་ཡོད་པ་མ་ཡིན་པར་ཁས་བླངས་ན་ཆད་པའི་ལྟ་བ་ལས་མ་འདས་སོ། །ཇི་སྐད་དུ། སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་པས་སོ། །འོ་ན་དེའི་ཚེ་དེ་ཡོད་པར་ཁས་ལེན་དགོས་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཡོད་པ་མ་ཡིན་པའི་དོན་ཞིག་ཡོད་པ་མ་ཡིན་པར་ཁས་བླངས་པ་ན་ཆད་པའི་ལྟ་བར་འགྱུར་བ་ཅི་ཡང་མ་ཡིན་པའི་ཕྱིར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་དབུ་མ་ལུང་རིགས་རྒྱ་མཚོ་ལས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:བདེན་མེད་སྤྲོས་པ་གཅོད་དུས་ཀྱི་ཆད་ལྟ་
|; |@@@ | | }}