41293
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། དབུ་མ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་འཛིན་པས་དངོས་སུ་མ་དྲངས་པར། བདེན་འཛིན་གྱིས་དངོས་སུ་སྐྱེས་པའི་འདོད་ཆགས་དང་། བདེན་འཛིན་མཚུངས་ལྡན་དུ་སོང་བའི་འདོད་ཆགས་རྣམས་ཏེ། བསྟན་དར་བའི་དབུ་མའི་སྤྱི་དོན་ལས། ཆགས་སོགས་ཉོན་མོངས་རྣམས་རང་གི་རྒྱུར་གྱུར་པའི་བདེན་འཛིན་ལས་སྐྱེ་བའི་ཚུལ་ཡོད་དེ། ཆོས་དང་གང་ཟག་བདེན་པར་བཟུང་བ་ལ་བརྟེན་ནས། དེའི་དམིགས་ཡུལ་རང་ངོས་ནས་གྲུབ་པའི་ཡིད་འོང་ཡིད་མི་འོང་དུ་སྣང་བའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་ཞིང༌། དེ་ལ་བརྟེན་ནས་ཡིད་འོང་ལ་དམིགས་པའི་འདོད་ཆགས་དང༌། ཡིད་མི་འོང་དམིགས་པའི་ཞེ་སྡང་སྐྱེ་ཞིང༌། དེ་དག་ལ་བརྟེན་ནས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ལ་བརྟེན་པའི་ཆགས་སོགས་སྐྱེ་ཚུལ་ཡང་ཤེས་པར་བྱ་བ་ཡིན་པའི་ཕྱིར། བདེན་འཛིན་དེས་དངོས་སུ་དྲངས་པའི་འདོད་ཆགས་དེས། བདེན་འཛིན་གྱི་དམིགས་པ་ལ་དམིགས་ནས་རང་ངོས་ནས་གྲུབ་པར་སྣང་བ་ཡིན་གྱི། དེའི་ཞེན་ཡུལ་ལ་དམིགས་ནས་རང་ངོས་ནས་གྲུབ་པར་སྣང་བ་མ་ཡིན་ཏེ། དེ་གཉིས་དམིགས་པ་མཚུངས་ཀྱང་འཛིན་སྟངས་མི་མཚུངས་པའི་ཕྱིར་ཏེ། འདོད་ཆགས་ཀྱིས་བདེན་པར་མི་འཛིན་པའི་ཕྱིར། དེ་འདྲའི་འདོད་ཆགས་བདེན་འཛིན་མ་ཡིན་པའི་ཕྱིར། ཞེས་དང་། དེ་ཉིད་ལས། ལུས་དབང་ཟུར་དུ་བཞག་པ་ལས་མིག་གི་དབང་པོ་བཞག་ཏུ་མེད་པ་དེ་བཞིན་དུ། ཆགས་སོགས་རྣམས་དང་པོར་སྐྱེ་བའི་ཚེ་ན། བདག་འཛིན་དེ་གཉིས་ལ་བརྟེན་ནས་སྐྱེས། མཐར་དེ་དང་མཚུངས་ལྡན་དུ་འཇུག་པའི་ཕྱིར། དེར་ཐལ། བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང༌། །གཏི་མུག་བཅོམ་པས་བཅོམ་པར་གྱུར། །ཞེས་གསུངས་པའི་ཕྱིར། དེའི་འགྲེལ་པ་ལས། གཏི་མུག་ནི་དེ་རྣམས་ཇི་ལྟར་བདེན་པར་རྟོགས་པ་ལས་རྨོངས་པ་ཉིད་ཀྱི་ཕྱིར། དངོས་པོ་བདེན་པའི་རང་གི་ངོ་བོར་ལྷག་པར་སྒྲོ་འདོགས་པར་རབ་ཏུ་འཇུག་གོ། །འདོད་ཆགས་ལ་སོགས་པ་དག་ཀྱང་གཏི་མུག་གིས་ཀུན་ཏུ་བརྟགས་པའི་དངོས་པོའི་རང་བཞིན་ཁོ་ན་ལ། སྡུག་པ་དང་མི་སྡུག་པ་ལ་སོགས་པའི་ཁྱད་པར་སྒྲོ་འདོགས་པར་འཇུག་པ་ཉིད་ཀྱི་ཕྱིར། གཏི་མུག་ལས་ཐ་མི་དད་པར་འཇུག་པར་འགྱུར་ཞིང༌། གཏི་མུག་ལ་བརྟེན་པར་ཡང་འགྱུར་ཏེ། གཏི་མུག་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཞེས་དང་། དབུ་མའི་མཐའ་དཔྱོད་ལས། ཁ་ཅིག ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་སྣང་བའི་རྟོག་པ་དང་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བའི་རྟོག་པའི་གཞི་མཐུན་མེད་ཟེར་ན། དེ་ཡོད་པར་ཐལ། གང་ཟག་བདེན་འཛིན་གྱིས་དངོས་སུ་དྲངས་ནས་སྐྱེས་པའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དེ། དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། དེར་ཐལ། འདོད་ཆགས་ལ་སོགས་པ་དག་ཀྱང་གཏི་མུག་གིས་ཀུན་ཏུ་བཏགས་པའི་དངོས་པོའི་རང་བཞིན་ཁོ་ན་ལ། སྡུག་པ་དང་མི་སྡུག་པའི་ཁྱད་པར་སྒྲོ་བཏགས་པར་རབ་ཏུ་འཇུག་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:བདེན་འཛིན་གྱིས་དངོས་སུ་དྲངས་པའི་འདོད་ཆགས་
|; |@@@ | | }}