41311

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བདེར་གཤེགས་རྒྱལ་བ་ཀུན་ཏུ་བཟང་པོ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གསས་མཁར་ཞི་བ་ལ་ཕྱི་ནང་གསང་བ་གསུམ་དུ་གསུངས་པའི་གསང་བ་ལྟར་གྱི་བདེར་གཤེགས་ཞི་བའི་ལྷ་ཚོགས་ཀྱི་གཙོ་བོ་ཡིན་ལ། མཚན་གྱི་རྣམ་གྲངས་ལ་ཡང་རྒྱལ་བ་འདུས་པ་ཞེས་སོ། །བཞུགས་ཡུལ་གྱི་གནས་ནི། དབུས་མཐིང་ནམ་མཁའ་སྔོན་པོའི་ཕོ་བྲང་གི་གཡུང་དྲུང་ཐིག་ལེ་འོད་ལྔའི་གསས་མཁར་ཞེས་བྱ་ལ། ལྷ་སྟེགས་ཀྱི་གདན་ནི། སེང་གེ་གླང་ཆེན་རྟ་འབྲུག་ཁྱུང་ལྔ་དང་ཉི་ཟླ་པད་མ་བརྩེགས་པའི་ཁྲི་རུ་བཞུགས་སོ། །སྐུ་ཡི་ཆ་བྱད་སོགས་ནི། ཞལ་ལྔ་ཕྱག་བཅུ་པ་ཅན་ལ་དབུ་རྒྱན་ན་བཟའ་སོགས་ནི་རྫོགས་སྐུའི་རྒྱན་དང་ཆ་ལུགས་རྫོགས་པར་མངའ་བ་ལ་དབུས་ཀྱི་ཞལ་ནི་དཀར་པོ་ཡིན་ལ། གཡས་ཀྱི་ཞལ་གཉིས་ནི་སེར་དང་དམར་བ། གཡོན་གྱི་ཞལ་གཉིས་ནི་ལྗང་དང་མཐིང་བའོ། །ཕྱག་གཡས་གཡོན་དང་པོ་གཉིས་ཀྱི་ཕྱག་མཐིལ་དུ་ཐབས་ཤེས་ཀྱི་བརྡ་དོན་དུ་ཉི་ཟླའི་འཁོར་ལོ་ལ་ཨ་དང་མ་ཡིས་མཚོན་ཏེ་བསྣམས་པ། ཕྱག་བར་པ་གསུམ་ལས་གཡས་པ་གསུམ་གྱིས་རིམ་བཞིན་ཏེ། མི་ནུབ་མི་འགྱུར་ཐོགས་པ་མེད་པའི་བརྡ་དོན་ལ་རྒྱལ་མཚན་དང་གཡུང་དྲུང་འཁོར་ལོ་བསྣམས་པ། ཕྱག་གཡོན་པ་གསུམ་གྱིས་རིམ་བཞིན་དུ་གཉིས་མེད་ཀྱི་ཐུགས་རྗེས་འགྲོ་རྣམས་ངན་སོང་གི་དོང་ནས་འདྲེན་པའི་དོན་དུ་མདའ་གཞུ་དང་ཞགས་པ་ལྕགས་ཀྱུ་བསྣམས་སོ། །ཕྱག་གཡས་གཡོན་ཐ་མ་གཉིས་ཀྱིས་འགྲོ་རྣམས་སྐྱོབ་པའི་དོན་དུ་ས་གནོན་མཛད་དོ། །ཕྱག་རྒྱའི་ཡུམ་ནི། ཀུན་ཏུ་བཟང་མོ་དང་གཉིས་མེད་དུ་འཁྲིལ་ཏེ་བཞུགས་སོ། །འཁོར་ནི་ཞི་བའི་ལྷ་འཁོར་བཞི་བཅུ་རྩ་ལྔའམ་རྩ་བརྒྱད་ཀྱིས་བསྐོར་ནས་བཞུགས་པའོ། །དེ་ཡང་ལྷ་དེ་དག་གི་གྲངས་དང་རྣམ་པ་བཅས་མ་ཚིག་རང་རང་གི་སྐབས་སུ་བཀོད་ཡོད་པས་དེར་གཟིགས་པར་འཚལ།
Domain ཆོས་ལུགས།