41328
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩེད་ཐང་མགོན་པོ་རིའི་ལྷོ་ངོས་སུ་ཆགས། དགོན་པ་འདི་ཐོག་མར་འགྲོ་མགོན་ཕག་གྲུ་རིན་པོ་ཆེའི་གདན་ས་ཡིན། བླ་རབས་བཅུ་གསུམ་བྱོན། དེ་རྗེས་རིམ་བཞིན་སྡེ་པ་ཀུན་བཟང་རྩེའི་དགོན་སྡེར་བསྒྱུར། དགོན་པའི་མཚན་ཆ་ཚང་ཐུབ་བསྟན་ཤེས་རབ་བཤད་སྒྲུབ་འཕེལ་རྒྱས་གླིང་ཞེས་པ་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་གནང་པར་གྲགས། དགོན་པ་འདིའི་རྟེན་གཙོ་བཅོམ་ལྡན་སྨན་པའི་རྒྱལ་པོའི་སྐུ་འདྲ་དང་རྒྱལ་བ་ཀརྨ་པའི་སྐུ་འདྲ། སངས་རྒྱས་འོད་སྲུང་གི་ཚེམས་དང་། སྲོང་བཙན་གྱི་སྐུ་ཤ་ད་དུང་རིན་ཐང་བྲལ་བའི་རིགས་དངོས་མང་དུ་བཞུགས། འོན་ཀྱང་རིག་གསར་སྐབས་སྐུ་གསུང་ཐུགས་རྟེན་ནས་བཟུང་ཐམས་ཅད་བོར་བརླག་སོང་། བསྟན་པ་སླར་གསོའི་སྐབས་བླ་མ་ཐར་པ་ལྷ་མགོན་དང་མི་སེར་རྣམས་ཀྱིས་གུ་རུ་མཚན་བརྒྱད་ཀྱི་ལྷ་ཁང་རྟེན་དང་བརྟེན་པ་བཞེངས། ཆོས་བརྒྱུད་ནི་ཀཿཐོག་པའོ། ། |