41331

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བན་གླང་ཅན་སེར་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཐེག་ཆེན་གསང་སྔགས་ལུགས་ཀྱི་རྟེན་ཅན་གྱི་སྦྱོར་བའི་ཡུམ་སྟེ། དེ་ཡང་ཡི་དམ་རྒྱས་པའི་དཀྱིལ་འཁོར་གྱི་སྒོ་དང་བསྟུན་པའི་རྒྱས་པའི་ཡུམ་སྟེ། འགུ་ཡ་ལས། བན་གླང་ཅན་སེར་རྒྱས་ཡུམ་ནི། བུད་མེད་སེར་མོ་གྲུ་བཞི་ལ། ཁ་དང་སྨིན་ཚོགས་མིག་སྤུ་སེར། སྐྲ་འགབ་སྨན་(སྨིན་)ལ་ཤ་ཆེ་ཞིང་། རྣ་བ་འགྲམ་སླད་རིང་བ་ཡིན། ཞེས་པས། དེ་ཡང་སྐུ་དང་བྱད་སོགས་ཀྱི་མདོག་སེར་བས་དཔེ་ལས་བཏགས་པ་སྟེ་བན་གླང་ཅན་ཞེས་བྱ་བ་ཡིན་ཞིང་། སྐུ་ལུས་ཀྱི་དབྱིབས་ནི་གྲུ་བཞི་ལ་ཞལ་སྤུ་དང་སྨིན་མ་མིག་སྤུ་རྣམས་སེར་ཞིང་། སྐྲ་འགབ་བམ་སྐྲའི་གཏིང་སྤུངས་སྨིན་ཞིང་རྒྱས་ལ་སྐུ་ལུས་ཀྱི་ཤ་ཆེ་ཞིང་། རྣ་བའི་སྙན་ཤལ་དང་འགྲམ་པ་རིང་བ་བཅས་ཀྱི་མཚན་ལྡན་གྱི་རིགས་མ་ཞིག་དགོས་པར་གསུངས་སོ། །
Domain ཆོས་ལུགས།