41387
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བ་བླ་ཡི་འབྲི་ཚུལ་གཞན། བབ་ལ་འབྲི་བའང་ཡོད། ས་རྡོའི་སྨན་གྱི་རིགས་ཤིག་སྟེ། ལྡོང་རོས་ལྟ་བུའི་དྲི་མའམ་དེ་ལས་འཇམ་ཙམ་བྲོ་བ་དང༌། མེར་བསྲེགས་ན་དུད་པ་སེར་པོར་འཇུ་ལ་མུ་སྒོག་འདྲེས་པའི་དྲི་མ་མནམ་པ། དེ་ལ་ཡང་རིགས་གསུམ་སྟེ། རབ་ནི་ཁ་དོག་དམར་རྔམ་ཡོད་པ་ལ་ཤིན་ཏུ་སེར་ལ་དྭངས་པ་རྟ་སོ་བཅག་པ་འདྲ་བ་དང༌། འབྲིང་འོད་དང་ལྡན་པ་གསེར་ཤོག་བརྩེགས་པ་ལྟར་རིམ་པ་ཕྱེ་རྒྱུ་ཡོད་པ། ཁ་དོག་ལྗང་གུ་འོད་ཅུང་ཟད་ཡོད་པའོ། །ཐ་མ་ནི་ཁ་དོག་སྔོ་ལྗང་འདྲེས་པ་རྡོ་རུལ་ལྟ་བུའོ། །སྤྱིར་བཏང་ལྕགས་རིགས་གཞན་གྱི་གཏེར་ཁ་ཡོད་ས་དང༌། གཞན་ཡང་ཆུ་ཚན་དང་མེ་རིའི་ཉེ་འཁོར་སོགས་སུ་གནས་ཤིང༌། ཕལ་ཆེར་ལྡོང་རོས་དང་མཉམ་དུ་ཡོད་པ། དབྱིབས་དང་ཆེ་ཆུང་ངེས་མེད་སྤྱིའི་ཁ་དོག་ཕལ་ཆེར་སེར་པོ་མདངས་ཤིན་ཏུ་གསལ་བ། སྙི་ལ་མཉེན་པས་སེན་མོས་ཐུབ་ཅིང༌། འཇུ་སླ་ལ་བཞུ་ཁུ་དམར་སྨུག་འབབ་པ་དེ་གྲང་ནས་སྲ་མཁྲེགས་འོད་དང་ལྡན་པར་འགྱུར་བའོ། །རོ་ཁ་ཚ། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྩུབ་པ་དང་ལྡན་པས་རྨ་ངན་རུལ་བ་གཅོད་ཅིང༌། པགས་ནད་དང༌། ཤུ་ཐོར་སེལ། སྦྲུལ་སྡིག་སྦྲང་བུའི་སོ་དུག་འཇོམས། སྲིན་དང་གདོན་ནད་སྨྱོ་འབོག་བརྒྱལ་གཟེར་བཅས་ལ་ཕན་པའོ། །དེ་ཡང་ཤུ་ཐོར་པགས་ནད་སོགས་ཕྱིར་སྤྱོད་ལ་རྗེན་པ་དང༌། ཁོང་སྨན་དུ་བསྟེན་པར་དུག་འདོག་ལག་ལེན་ཚུལ་བཞིན་བྱ་དགོས་པའོ། ། |
| Domain | གསོ་རིག |