41391
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བརྒྱད་པའི་ནང་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་མནོས། འདུལ་གཞུང་སོགས་ལ་ཐུགས་གཉེར་གནང། ལེགས་སྦྱར་གྱི་སྐད་ཡིག་ལ་སྦྱངས་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་མདོ་མང་གི་སྐོར་ལས་འཕགས་པ་བྱམས་པ་དགའ་ལྡན་གནམ་དུ་སྐྱེ་བ་བླངས་མདོ་ཞེས་བྱ་བ་བཞུགས། |