41405

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བམ་ (1)
Part of speech ཕྲད་ཚིག
Definition འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་བ་ཡི་རྗེས་སུ་བམ་འཐོབ་པ་ཡིན།
Keyword True
Example སྒྲིབ་པ་ནི་བཞི་སྟེ། ཉོན་སྒྲིབ་བམ། ཤེས་སྒྲིབ་བམ། ཆགས་སྒྲིབ་བམ། ཐོགས་སྒྲིབ་བཅས་སོ་ལྟ་བུ།
བམ་ (2)
Part of speech ཕྲད་ཚིག
Definition སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་བ་ཡི་རྗེས་སུ་བམ་འཐོབ་པ་ཡིན།
Keyword True
Example ཉོན་སྒྲིབ་བམ། ཤེས་སྒྲིབ་བམ། ཆགས་སྒྲིབ་བམ། ཐོགས་སྒྲིབ་བཅས་ནི་སྒྲིབ་པ་བཞིའོ་ལྟ་བུ།
བམ་ (3)
Part of speech ཕྲད་ཚིག
Definition གདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་བ་ཡི་རྗེས་སུ་བམ་འཐོབ་པ་ཡིན།
Keyword True
Example དོན་གྲུབ་བམ་བཀྲ་ཤིས་གང་རུང་གིས་ང་ལ་རོགས་བྱེད་དགོས་ལྟ་བུ།
བམ་ (4)
Part of speech ཕྲད་ཚིག
Definition དྲི་བ་སྟོན་པ། དོན་གང་ཡིན་མ་ངེས་པའམ་བློ་གཉིས་སུ་ཕྱོགས་ཏེ། ཐེ་ཚོམ་ཟ་བ་སོགས་དྲི་བའི་དོན་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་བ་ཡི་རྗེས་སུ་བམ་འཐོབ་པ་ཡིན།
Keyword True
Example ཁྱེད་ཀྱིས་ང་ལ་རོགས་པ་བྱེད་ཐུབ་བམ་མི་ཐུབ། ཅ་ལག་འདི་འཁྱེར་ཐུབ་བམ་མི་ཐུབ་ལྟ་བུ།
བམ་ (1)
Part of speech མིང་ཚིག
Definition སྲོག་ཆགས་ཤི་བའི་རོའམ། དབུགས་དང་བྲལ་བའི་སེམས་ཅན་གྱི་ཕུང་པོ།
བམ་ (1)
Part of speech རྒྱན་ཚིག
Definition ཟས་སོགས་རྡོག་པོར་རུལ་བའི་རྣམ་པ་སྟེ།
Example ཤ་བམ་པ། ཟས་བམ་པ་ལྟ་བུ།