From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བམ་པོ་ (1)
| Part of speech
|
མིང་ཚིག
|
| Definition
|
སྲོག་དང་བྲལ་བའི་སེམས་ཅན་གྱི་རོའི་མིང་ལ་འཇུག།
|
བམ་པོ་ (2)
| Part of speech
|
མིང་ཚིག
|
| Definition
|
དུམ་བུ་དང༌། ཆུན་པོའམ་ཆག་པ་སྟེ། དེ་སྔོན་བཙན་པོའི་དུས་སྐབས་སུ་བོད་ཡིག་གི་གསུང་རབ་རྣམས་ཤོག་དྲིལ་དུ་བྱས་ནས་འཇོག་པ་དང། གླེགས་བམ་དུ་བྱས་ནས་འཇོག་པ་སྣ་ཚོགས་ཡོད། བམ་པོ་ནི་བོད་ཡིག་གི་དབང་དུ་བྱས་ན་ཚིགས་བཅད་ལ་ཚིག་རྐང་བཞི་དང༌། ཚིག་ལྷུག་མར་ཚེག་བར་ཏེ། ཡིག་འབྲུ་སུམ་ཅུ་སོ་གཉིས་རེ་ལ་ཤོ་ལོ་ཀ་རེ་དང་། ཤོ་ལོ་ཀ་སུམ་བརྒྱ་སྟེ་ཚིག་བར་སུམ་སྟོང་བརྒྱ་དང་ཉི་ཤུ་ཐམ་པ་ལ་བམ་པོ་གཅིག་ཏུ་རྩིས་པ་ཡིན། སྐབས་རེ་ཤོ་ལོ་ཀ་སུམ་བརྒྱ་ལྔ་བཅུ་དང༌། བཞི་བརྒྱ་ཙམ་ལ་བམ་པོ་རེར་རྩིས་པ་ཡང་མི་ཉུང་བ་ཡོད།
|