41432
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་མ་ཚུགས་ལྕགས་བྱ་ཕྱི་ལོ ༡༠༢༡ ལོར་འཁྲུངས། འདས་ལོ་མི་གསལ། གྲྭ་པ་མངོན་ཤེས་ཅན་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་ཐུགས་གཉེར་མཛད། མཁས་པ་ཆེན་པོར་གྱུར། དགུང་ལོ་ང་ལྔ་པ་རབ་བྱུང་དང་པོའི་མེ་འབྲུག་ཕྱི་ལོ ༡༠༧༦ ལོར་རྔོག་བློ་ལྡན་ཤེས་རབ་དང་། རྭ་ལོ་རྡོ་རྗེ་གྲགས་པ། ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་དང་ལྷན་དུཁ་ཆེར་ཕེབས། སཛྫ་ན་སོགས་པཎ་གྲུབ་རྣམས་ལས་བྱམས་ཆོས་རྣམས་ཞུས། ཁོང་གི་ལོ་ཙཱ་བ་གཟུ་དགའ་བའི་རྡོ་རྗེས་མཛད། བྱམས་ཆོས་ཀྱི་མན་ངག་ཐམས་ཅད་ཐུགས་སུ་ཆུད་པར་གྱུར། རབ་བྱུང་གཉིས་པའི་ས་སྦྲུལ་ཕྱི་ལོ ༡༠༨༩ ལོར་བོད་ཡུལ་དུ་ཕེབས། ཡར་སྟོད་ཀྱི་བྲག་རྒྱ་ལ་གཞི་བཙུགས། བྱམས་ཆོས་ཀྱི་འཆད་ཉན་སྤེལ། བྱམས་ཆོས་བཙན་ལུགས་ཞེས་པའི་བཤད་རྒྱུནའདི་ནས་བྱུང། བྱམས་ཆོས་སྡེ་ལྔའི་བཤད་རྒྱུན་བོད་ཡུལ་དུ་བྱུང་བར་མཛད་རྗེས་ཆེ། འདས་ལོ་མི་གསལ། |