41441
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ལྔ་པའི་ལྕགས་ཡོས་ཕྱི་ལོ ༡༢༩༡ ལོར་ཡུལ་ཀ་བར་འཁྲུངས། བྱ་ཡུལ་དགོན་དུ་སངས་རྒྱས་ཇོ་བོ་དབང་ཕྱུག་གཞོན་ནུ་ལས་རབ་ཏུ་བྱུང། མཚན་ལ་ཚུལ་ཁྲིམས་མགོན་པོ་ཞེས་གསོལ། སངས་རྒྱས་སྟོན་པ་ཚུལ་ཁྲིམས་སེང་གེ་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། རབ་བྱུང་དྲུག་པའི་ལྕགས་སྦྲུལ་ཕྱི་ལོ ༡༣༤༡ ལོར་བྱ་ཡུལ་གྱི་གདན་སར་བྱོན། གདན་ས་ལོ་ཉེར་གསུམ་རིང་བསྐྱངས། བསྟན་འཛིན་གྱི་སྐྱེས་བུ་མང་པོ་བསྐྱངས། བྱ་ཡུལ་དགོན་དར་བར་མཛད། བཤད་སྒྲུབ་ཀྱི་བསྟན་པ་དར་བར་མཛད། དོན་གཉིས་པ་རབ་བྱུང་དྲུག་པའི་ཆུ་ཡོས་ཕྱི་ལོ ༡༣༦༣ ལོར་སྐུ་གཤེགས། བྱ་ཡུལ་དགོན་གྱི་གདན་རབས་བཅུ་གཉིས་པ་ཡིན། |