4145
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་གླིང་དབུས་མའི་ཚངས་ཐིག་གཞིར་བཞག་ནས་ཉི་མ་ཁྱིམ་བཅུ་གཉིས་སོ་སོར་ཐོག་མར་སླེབས་པའི་ཆུ་ཚོད་ནི། ཁྱིམ་ལུག སྐར་མ་ཐ་སྐར། ཆུ་ཚོད་༠ ཁྱིམ་གླང༌། སྐར་མ་སྨིན་དྲུག་ཆུ་ཚོད་ ༡༥ ཁྱིམ་འཁྲིག སྐར་མ་མགོ ། ཆུ་ཚོད་ ༣༠ ཁྱིམ་ཀརྐ་ཊ། སྐར་མ་ནབས་སོ། ཆུ་ཚོད་ ༤༥ ཁྱིམ་སེང་གེ། སྐར་མ་མཆུ། ཆུ་ཚོད་ ༠ ཁྱིམ་བུ་མོ། སྐར་དབོ། ཆུ་ཚོད་ ༡༥ ཁྱིམ་སྲང༌། སྐར་མ་ནག་པ། ཆུ་ཚོད་ ༣༠ ཁྱིམ་སྡིག སྐར་མ་ས་ག། ཆུ་ཚོད་ ༤༥ ཁྱིམ་གཞུ། སྐར་མ་སྣུབས། ཆུ་ཚོད་ ༠ ཁྱིམ་ཆུ་སྲིན། སྐར་མ་ཆུ་སྨད། ཆུ་ཚོད་ ༡༥ ཁྱིམ་བུམ་པ། སྐར་མ་མོན་གྲེ། ཆུ་ཚོད་ ༣༠ ཁྱིམ་ཉ། སྐར་མ་ཁྲུམས་སྟོད། ཆུ་ཚོད་ ༤༥ བཅས་སོ། ། |
| Domain | རྩིས་རིག |