41461
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆུ་ཡོས་ཕྱི་ལོ ༨༠༣ ལོར་ཡབ་རྒྱལ་པོ་སད་ན་ལེགས་མཇིང་ཡོན་དང་། ཡུམ་འབྲོ་བཟའ་ཁྲི་མོ་ལེགས་གཉིས་ཀྱི་སྲས་སུ་འཁྲུངས། སོ་དགུ་པ་ལྕགས་བྱ་ཕྱི་ལོ ༨༤༡ ལོར་རྒྱལ་ཁྲིར་བཞུགས། རྒྱལ་སྲིད་ལོ་དྲུག་རིང་བསྐྱངས། བཙུན་མོ་ཚེ་སྤོང་བཟའ་བཙན་མོ་འཕེན་དང་། སྣ་ནམ་བཟའ་གཉིས་ཁབ་ཏུ་བཞེས། རིགས་སྲས་འོད་བསྲུངས་འཁྲུངས། དབས་རྒྱལ་ཏོ་རེ་སྟག་རྣ་ཅན་སྤྲེལ་མགོ་དང་། སྣ་ནམ་རྒྱལ་ཚ་ཁྲི་གསུམ་རྗེ་ཁྲ་མགོ་གཉིས་ཕྱི་ནང་བློན་ཆེན་དུ་བསྐོས། ཆབ་སྲིད་བསྐྱངས། བན་བོན་བར་ལ་འཐབ་རྩོད་བྱུང་། རྒྱལ་བློན་རྣམས་ཀྱིས་བན་ཆོས་ལ་བཀས་བཀྱོན་ཞིང་། རབ་ཏུ་བྱུང་བ་ལ་དམའ་འབེབས་དང་། གཙུག་ལག་ཁང་ལ་གཏོར་བཤིགས། ཆོས་གཞུང་ཐམས་ཅད་མེ་ལ་བསྲེགས། མེ་སྟག་ཕྱི་ལོ ༨༤༦ ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས། བོད་ཁམས་གཅིག་འགྱུར་གྱི་ལམ་ལུགས་འཐོར་ཞིག་ཏུ་སོང། རྗེ་དཔོན་ཚན་པ་མང་པོ་བྱུང་། འཁྲུངས་འདས་ཀྱི་ལོ་ཚིགས་ནི་དེབ་ཐེར་ཀུན་གསལ་མེ་ལོང་ལྟར་བཀོད་པ་ཡིན། |