41471

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཙན་མོ་འབྲོ་བཟའ་ཁྲི་མ་ (1)
Part of speech མིང་ཚིག
Definition རྒྱལ་པོ་མང་སྲོང་མང་བཙན་གྱི་བཙུན་མོ་ཞིག་སྟེ། སྤུ་རྒྱལ་སོ་དྲུག་པ་འདུས་སྲོང་མང་བཙན་གྱི་སྐུ་རིང་ལ་ཡབ་གཤེགས་པ་དང་། བློན་འབངས་བར་དང་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་པ་བྱུང་ཞིང་། རྒྱལ་པོ་དགུང་ལོ་ཆུང་བའི་སྐབས་སུ། བློན་ཆེན་མགར་བཙན་སྙ་དང་། མང་གཉན་སྟག་ཙབ་གཉིས་ནང་འཛིངས་ཤོར་ཞིང་། བློན་ཆེན་མགར་བཙན་སྙ་བཀྲོངས་པ་སོགས། ཕྱི་ནང་བར་གསུམ་གྱི་འགལ་རྐྱེན་ཇི་སྙེད་ཅིག་འཕྲད་ཀྱང་། བཙན་མོ་ཁྲི་མ་ལོད་ཀྱིས་ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད་དེ་དགྲ་བོ་རྣམས་དབང་དུ་བསྡུ་ཐབས་མཛད་ཐོག བཙན་པོ་འདུས་སྲོང་དགུང་གྲངས་བཅུ་གསུམ་ལ་མ་སོན་བར་དུ་ཆབ་སྲིད་ཀྱི་འགན་ལོ་ ༡༣ ཙམ་བཞེས་པ་སོགས། མདོར་ན་བཙན་མོ་འདིས་སྔ་ཕྱིར་ཁྱོན་བསྡོམས་ཉུང་མཐར་ཡང་རྒྱལ་སྲིད་མི་ལོ་ ༢༡ ལྷག་བསྐྱངས་ཡོད།