4148

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱིམ་སུན་འབྱིན་པའི་ལྷག་མ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགེ་སློང་གིས་ཁྱིམ་པ་རྣམས་མ་དད་བྱས་པ་ལས་སྐྱེས་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་རང་གི་ཚུལ་ཁྲིམས་དང་འགལ་བའམ། གཞན་ལ་སྐུར་པ་བཏབ་པའི་སྒོ་ནས་ཁྱིམ་པ་སུན་འབྱིན་པ་ལ་དགེ་འདུན་གྱིས་བསྐྲད་པ་ནན་ཏུར་བྱས་པའི་ཚེ། དགེ་འདུན་ལ་འགྲོ་བ་པ་ཞེས་སྐུར་པ་འདེབས་པ་ལ་ཟློག་པ་ལྔས་བཟློག་ཀྱང་། མ་བཏང་ན་ལྷག་མ་འགྱུར་པའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་ནབ་སོ་དང་འགྲོ་མགྱོགས་ཀྱིས་ཁྱིམ་པ་སུན་ཕྱུང་སྟེ་དགེ་འདུན་གྱིས་བསྐྲད་པ་ན་དགེ་འདུན་ལ་སྐུར་བ་འདེབས་པ་དེ་བཟློག་ཀྱང་མི་གཏོང་བ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་ཁྱིམ་པ་ལ་གནོད་པ་དང་དགེ་འདུན་ལ་གནོད་པ་དང་། ངག་གི་སྡིག་པ་ཆེན་པོ་འཐོབ་པའོ། །ཞེས་གསུངས།
Domain ཆོས་ལུགས།