41481
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས། བཙན་རྒྱལ་སྐྱེས་བུ་ལུང་བཙན་ལྕམ་སྲིང་གི་བསྒྲུབ་པ་ཟབ་མོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ བཙན་རྒོད་ལྕམ་སྲིང་བསྒྲུབ་པ་ནི༔ གསང་འདུས་ཐུགས་རྗེའི་ལྷ་ཚོགས་སུ༔ བཀོད་དེ་སྒྲུབ་ཐབས་བསྟན་པར་བྱ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་གནམ་སྐས་ཅན་གྱི་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། བཙན་རྒོད་ལྕམ་སྲིང་གི་སྒྲུབ་ཐབས་དང་། དེ་སྒྲུབ་པའི་ཚེ་རྟགས་ཀྱི་རིམ་པ་སོགས་ཇི་ལྟར་འབྱུང་ཚུལ་བསྟན། |