41489
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་རྒྱལ་གདུང་རབས་སོ་ལྔ་པ་མང་སྲོང་མང་བཙན་སྐབས་ཀྱི་བློན་ཆེན་ཞིག་ཡིན་ཞིང་། བཙན་པོ་སྲོང་བཙན་སྒམ་པོའི་བློན་ཆེན་མགར་སྟོང་བཙན་ལ་སྲས་བཞི་ཡོད་པའི་ནང་གི་ཆེ་ཤོས་ཡིན། མགར་སྟོང་བཙན་གྲོངས་རྗེས་ཁོང་ཕའི་གོ་སར་བསྐོས་ཏེ་བློན་ཆེན་བྱས་པ་དང་། དེ་འོག་མགར་ཁྲི་འབྲིང་བཙན་བྲོད་སོགས་གཞོན་པ་གསུམ་གྱིས་དམག་དཔོན་བྱས་ཏེ། ལོ་དེ་རང་ལ་རྒྱའི་ས་མཚམས་སུ་དམག་དྲངས་ནས་འཇང་རིགས་ཀྱི་ཡུལ་ཚན་བཅུ་གཉིས་ཙམ་བཅོམ་པ་དང༌། དེའི་ཚེ་ཐང་གི་རྒྱལ་བློན་གཙོ་གནད་རྣམས་མདུན་གྲོས་བྱས་ཏེ། གྲུ་གུའི་མི་ནོར་ལྷག་མ་དེ་དག་ལྷོ་ཕྱོགས་སུ་གནས་སྤོས་བྱ་རྒྱུ་དང༌། བོད་ལ་དམག་རྒྱག་རྒྱུའི་སྐོར་གྲོས་བསྡུར་བྱས་ཀྱང་བློན་ཆེན་རྣམས་ཀྱི་བློ་གྲོས་མ་མཐུན་པར་ཐག་མ་ཆོད་པ་དེ་མུར་ལུས། དེ་རྗེས་བོད་དམག་གིས་ནུབ་ཕྱོགས་གྲུ་གུ་ཚོ་ཆེན་བཅུ་བོད་ཀྱི་ཆབ་འོག་ཏུ་བཅུག་པ་དང༌། སླར་ཡང་བོད་དམག་དང༌། ལི་ཡུལ་(ཤིན་ཅང་)པ་རྣམས་མཉམ་དུ་བསྡེབས་ནས་རྒྱའི་ཡུལ་ཚན་མང་པོ་བཟུང་བ་བཅས་ལ་བརྟེན། ཐང་གོང་མས་ཀྱང་དམག་དཔོན་ཞོའི་རེ་ཀོས་དང་གོ་ཞི་ཕཱན་ཟེར་བ་གཉིས་དམག་དཔུང་འབུམ་ཕྲག་གཅིག་ཙམ་ཁྲིད་ནས་བོད་དམག་ལ་འཐབ་པར་བཏང༌། འོན་ཀྱང་ཁོ་ཚོས་བོད་དམག་ལས་རྒྱལ་ཁ་ལེན་མ་ཐུབ་པར་ཕམ་ཉེས་འཁེལ་ཞིང༌། མཐར་བོད་ཀྱི་བློན་ཆེན་མགར་བཙན་སྙ་ལྡོམ་བུ་དང༌། ཐང་གིས་དམག་དཔོན་ཞོའི་རེན་ཀོས་གཉིས་འདུམ་བྱས་ཏེ་དམག་དཔོན་དེ་རྒྱ་ཡུལ་དུ་ལོག་པར་གྲགས། ཕྱི་ལོ་ ༦༧༣ བོད་ཆུ་བྱ་ལོར་བློན་ཆེན་མགར་བཙན་སྙ་ལྡོམ་བུ་དང༌། མགར་ཁྲིད་འབྲིང་བཙན་བྲོད་གཉིས་ཀྱིས་གདོང་ཀའི་ནེ་ཙོ་ལུང་ཟེར་བའི་ས་གནས་སུ། འདུན་ཚོགས་བསྡུས་ནས་འབྲོག་ལས་ལ་སླར་ཡང་ཞིབ་གཤེར་ཆེན་པོ་ཞིག་བྱས། རྗེས་སུ་མགར་བཙན་སྙ་ལྡོམ་བུ་དང་མགར་གྱི་བུ་རྒྱུད་མང་ཉེན་སྟག་ཙབ་ཟེར་བ་གཉིས་སྤུན་མཆེད་ནང་དམེ་བྱུང་ནས་བློན་བཙན་སྙ་གྲོངས་པ་དང་། དེ་ནས་བཙན་པོ་འདུས་སྲོང་མང་རྗེས་བང་མོ་བང་དཀར་ཟེར་བའི་ས་ཆར་མགར་ཁྲི་འབྲིང་བཙན་བྲོད་ལ་བློན་ཆེན་བསྐོ་གཞག་གནང་སྟེ་ཆབ་སྲིད་ཀྱི་ལས་འགན་ཁོང་གིས་བསྐྱངས། |