41495

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཙའ་བ་ (1)
Part of speech མིང་ཚིག
Definition གཅེས་སྲུང་ངམ་འཚོལ་བའི་དོན་ཏེ།
Example དམ་པའི་ཆོས་ཉམས་སུ་ལེན་འདོད་མཁན་ཚོས་དགེ་བའི་བཤེས་གཉེན་མིག་ལྟར་བཙའ་བ་ལྟ་བུ།
བཙའ་བ་ (2)
Part of speech མིང་ཚིག
Definition མིག་གིས་ཧུ་རེར་ལྟ་བ་དང་། བྱ་ར་བྱེད་པའི་དོན་ཏེ།
Example སྤྱན་རས་བཙའ་བ། དགྲ་བོའི་འགུལ་བསྐྱོད་ལ་མིག་བཙའ་བ་ལྟ་བུ།
བཙའ་བ་ (3)
Part of speech མིང་ཚིག
Definition ཕྲུ་གུ་སྐྱེ་བའི་དོན་གྱི་མ་འོངས་པའི་བྱ་མིང་།
Example ཟླ་ཤས་རྗེས་ནས་མོ་ལ་བུ་ཕྲུག་བཙའ་བར་འགྱུར་ལྟ་བུ།