4153
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཉི་མ་བཅུ་གཉིས་ཀྱི་ནང་གསེས་ཤིག་སྟེ། ཉིན་དེ་ནི་ཕོ་ཟླ་དྲུག་པོའི་ཚེས་དགུ་དང་ཉེར་གཅིག མོ་ཟླ་དྲུག་པོའི་ཚེས་གསུམ་དང་བཅོ་ལྔ་ཉེར་བདུན་བཅས་ཡིན། ཚེས་ཞེས་མིང་འདོགས་པའི་ཉི་མ་དེ་དག་ལས་ལས་ཀར་སྤང་བླང་བྱ་ཚུལ་ནི་ཉིན་སྣང་ལས། ཁྱི་ལ་བུ་འབོགས་བཟོ་རིག་སློབ། །ཡོ་ལང་ཞལ་ཆེ་ཞུ་གསོལ་འདེབས། །ཧོམ་སྤར་རྔོན་པར་འགྲོ་བ་བཟང་། །བག་མ་དོན་གཉེར་འཕོ་སྐྱས་དང་། །གསང་གྲོས་བྱི་ཤོར་སྒྱེད་པུ་འཛུགས། །རྐུ་འཕྲོག་འཐབ་མོ་སྐྲ་འཁྲུ་ངན། །ཞེས་གསུངས་པ་ལྟར་ཡིན་ལ། བདུན་ཟུར་ཕྱོགས་བསྡེབས་ཀྱི་འབྲས་བུར་ཇག་ལ་འགྲོ་རྒྱུ་ཡང་སྤང་དགོས་པར་གསུངས་འདུག |
| Domain | རྩིས་རིག |