41550
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་མོ་དམ་ཚིག་སྒྲོལ་མ་སྟེ། ཡུམ་དམ་ཚིག་སྒྲོལ་མ་ཞེས་ཀྱང་གྲགས། དེ་ཡང་དཔལ་གསང་བ་སྙིང་པོ་ལས། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང་། ཞེས་དང་། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། བསྐྱོད་པའི་དབྱིངས་དང་ཞེས་བྱ་བ་ཕྱི་སྣོད་ཀྱི་འཇིག་རྟེན་རླུང་གི་ཁམས་ལ་སོགས་པ་དང་། ནང་གི་རླུང་ཁམས་ཡང་བ་དང་། གཡོ་བ་དང་། ཨུ་ད་ན་དང་། བྱ་ན་ཞེས་བྱ་བའི་རླུང་གིས་ལུས་ཀྱི་དབང་པོ་རྒྱས་པར་བྱེད་དོ། །དབྱིངས་ཞེས་བྱ་བའི་སྒྲ་ནི་མི་ཟད་པ་ལ་བྱའོ། །དེ་རྣམ་པར་དག་ཅིང་ཡོངས་སུ་དག་པ་ནི་ལྷ་མོ་དམ་ཚིག་སྒྲོལ་མའི་ངང་ཉིད་དུ་ལྟའོ། །ཞེས་དང་། དཀོན་ཅོག་འགྲེལ་ལས། འདིས་སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་པའི་ངང་ཚུལ་ལས་མི་འདའ་བས་དམ་ཚིག་སྒྲོལ་མ་སྟེ། ཤེས་བྱ་ལ་ཆགས་ཐོགས་མི་མངའ་བའི་རླུང་གིས་གནས་ནས་གནས་སུ་བསྐྱོད་པར་བྱེད་པའི་བདག་ཉིད་ལས་ཀྱི་རིགས་ཀྱི་ཡུམ་མོ། །ཞེས་གསུངས། |