41560

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཙུན་མོའི་འཁོར་ཉེ་བར་སྟོན་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་སྔོན་ལྷན་ཅིག་ཏུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་བཙུན་མོའི་འཁོར་ཉེ་བར་སྟོན་པ། ༢ བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་བརྗོད་པའི་ཕྱིར། བཙུན་མོའི་འཁོར་ཉེ་བར་སྟོན་པ། ༣ ལོངས་སྤྱོད་དང་སྐྱིད་པ་ལ་ཆགས་པའི་ལྷ་དང་། མི་རྣམས་ལ་ལོངས་སྤྱོད་དང་སྐྱིད་པའི་ཆེ་བ་ཉིད་ཡོངས་སུ་བསྟན་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ། ༤ རྙོག་པ་ལྔའི་ཞིང་དུ་སེམས་ཅན་རྣམས་ཀྱི་བསམ་པའི་རྗེས་སུ་འབྲང་བའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ། ༥ བཙུན་མོའི་འཁོར་གྱི་ནང་ན་ཏིང་ངེ་འཛིན་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་མཐུ་དང་ཆེ་བ་ཉིད་ཡོངས་སུ་བསྟན་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ། ༦ སྔོན་གྱི་སྨོན་ལམ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ། ༧ བཙུན་མོའི་འཁོར་ཉེ་བར་སྟོན་པ་དང་། ཕ་དང་། མ་དང་། གཉེན་པའི་ཚོགས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་གྱི་ཉེ་བར་སྟོན་པ། ༨ ཆོས་ཀྱི་དབྱིངས་ཆེན་པོ་དང་ལྡན་པའི་རོལ་མོ་བརྡུང་བ་དང་། དཀྲོལ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་བསྙེན་བཀུར་བ་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ། ༩ བཙུན་མོའི་འཁོར་གྱི་ནང་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ཤིང་། ཤིན་ཏུ་ཕྲ་བའི་མངོན་པར་རྫོགས་པ་འཚང་རྒྱ་བ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་བསྟན་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པ། ༡༠ ཆོས་ཀྱི་སྐྱབས་དང་ལྡན་པ་ཡང་དག་པར་བསྟན་པའི་ཕྱིར་བཙུན་མོའི་འཁོར་ཉེ་བར་སྟོན་པའོ། །
Domain ཆོས་ལུགས།