From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བཙོང་ (1)
| Part of speech
|
བྱ་ཚིག
|
| Definition
|
འཚོང་གི་མ་འོངས་པ།
|
| Transitive
|
བྱ་བྱེད་ཐ་དད་པ།
|
| Antonyms
|
ཉོ།
|
| Future
|
[བཙོང་།]
|
| Present
|
[འཚོང་།]
|
| Past
|
[བཙོངས།]
|
| Imperative
|
[ཚོངས།]
|
བཙོང་ (1)
| Part of speech
|
མིང་ཚིག
|
| Definition
|
ལོ་གཉིས་གསུམ་སྐྱེ་བའི་ཟས་སྤོད་ཀྱི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བའི་ནང་དཀར་པོའི་རིམ་པ་མང་པོས་བཏུམ་པའི་རྟིང་པ་ཨ་ར་འདྲ་བའི་རྩ་ཕྲན་རྫ་མདོག་ཡོད་པ་དང༌། ལོ་མ་སྔོ་ལྗང་སྦུབས་སྟོང་ཅན་གྱི་རྩེ་རྣོ་བ་མང་པོ་མཉམ་དུ་སྐྱེ་བ། མེ་ཏོག་དཀར་པོ་སྤང་རྩི་དོ་བོའི་མེ་ཏོག་འདྲ་བ་ལོ་མའི་དབྱིབས་ཅན་སྡོང་པོའི་རྩེར་འཆར་བ། སྨིན་ཚེ་འབྲུ་གུ་ནག་ཞིབ་ཆུང་བ་ཏིལ་ནག་འདྲ་བ་མང་པོ་ཡོད་པ་སྟེ། བོད་ཀྱི་ས་ཁུལ་གང་སར་འདེབས་འཛུགས་བྱས་ནའང་སྐྱེ་བ་ཡིན། རྩ་ལོ་བོད་ཟླ་ལྔ་པ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་པའམ་རྒྱུན་དུ་ཟས་ཀྱི་སྤོད་དུ་སྤྱོད་རྒྱུ། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་ལྕི་ལ་བསིལ་བས་གཉིད་འཕེལ་བ་དང༌། ཟས་ལེན་པར་བྱེད་པའམ་དང་ག་འགགས་པ་སེལ་བར་བྱེད་པ་ཡིན།
|