41686

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཞི་གཤེད་ (1)
Part of speech མིང་ཚིག
Definition བརྩི་བྱ་སོ་སོའི་རང་ལོ་ནས་བགྲངས་པའི་ལོ་འགྲོས་བཞི་པ་དེར་བརྩི་བྱ་དེ་དང་དེའི་བཞི་གཤེད་ཟེར་ཞིང་། རང་ལོའི་མདུན་རྒྱབ་གཉིས་ཀར་རེ་རེ་ཡོད་པའི་བཞི་གཤེད་དེ་གཉིས་ལས་གཡས་བསྐོར་གྱིས་མདུན་དུ་བགྲངས་པའི་བཞི་པ་མར་གྱི་བཞི་གཤེད་ཀྱི་མིང་གི་ཐ་སྙད་ལ་འཆི་རེས་དང་། ཕྱི་ཡི་རོ་འདོད་ཆེ་བ། སྐར་ཆེན་བཅས་ཟེར་ཞིང་། དེ་གནམ་ལོར་ཤར་དུས་སྲོག་བསླུ་ཉེ་འདོན་དང་དཀར་ཆོས་སྤེལ་དགོས། གཡོན་བསྐོར་གྱིས་རྒྱབ་ཏུ་བགྲངས་པའི་བཞི་པ་ཡར་གྱི་བཞི་གཤེད་ཀྱི་མིང་གི་ཐ་སྙད་ལ་ན་རེས་དང་། ཕྱི་ཡི་རོ་འདོད་ཆུང་བ། སྐར་ཆུང་བཅས་ཟེར་ཞིང་། དེ་གནམ་ལོར་ཤར་དུས་བྱོལ་ཟོར་འཕེན་པ་དང་ཉི་ཁྲི་འདོན་དགོས། བྱེ་བྲག་ཏུ་གཉན་པའི་རིམ་པ་ནི་བཞི་གཤེད་དེ་གཉིས་ཀྱི་སྲོག་སོགས་བཞིའི་ཁམས་ཀྱིས་བརྩི་བྱའི་དེ་བཞིའི་ཁམས་གཅོད་མིན་ལ་བརྟག་དགོས། དེ་བཞིན་ལོ་ཟླ་ཞག་དུས་ཀྱི་ལོ་བརྙན་སྟེང་ནས་གཡས་གཡོན་དུ་བགྲངས་པའི་བཞི་པ་ལ་དེ་དག་གི་བཞི་གཤེད་ཟེར་བ་ཡིན། གལ་སྲིད་བརྩི་བྱའི་རང་ལོ་བྱི་བ་ཡིན་པར་ཆ་བཞག་ན། མར་གྱི་བཞི་གཤེད་འཆི་རེས་ནི་ཡོས་དང་། ཡར་གྱི་བཞི་གཤེད་ན་རེས་ནི་བྱ་ཡིན་པ་ལྟ་བུ་ཡིན།
Domain རྩིས་རིག