41729
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་ཉེར་དགུ་པ་ངག་དོན་གྱི་དཔེའི་ནང་གསེས་དང་པོ་སྟེ། དཔེ་ཅན་མང་པོ་ལ་དེའི་ཁྱད་ཆོས་ཀྱང་སོ་སོར་བཀོད་པའི་རྗེས་སུ་དེ་དང་མཚུངས་པའི་དཔེ་ཡང་རྣམ་དབྱེ་གསུམ་པ་དང་གཉིས་པ་གཙོ་བོར་བྱས་ཏེ། རིམ་པ་ལྟར་བཀོད་པའི་མཇུག་ཏུ་དཔེ་ཅན་དང་། དཔེ་གཉིས་ཀའི་ཐུན་མོང་གི་ཁྱད་ཆོས་གཅིག་སྟོན་པ་ཞིག་ཡིན་ཞིང་། དེ་ལ་ནང་གསེས་ཀྱིས་ཕྱེ་ན་བཞིན་སྒྲ་གཅིག་པ་དང་། བཞིན་སྒྲ་དུ་མ་ཅན་གཉིས་ཡོད། བཞིན་སྒྲ་གཅིག་པ་ནི། དཔེ་དང་དཔེ་ཅན་གཉིས་མཚུངས་པར་སྟོན་བྱེད་ཀྱི་སྒྲ་བཞིན་ཞེས་པ་གཅིག་ཡོད་པ་ལ་ཟེར་ཞིང་། |
| Example | བོད་མཁས་པས། དུས་ཀྱིས་བསླད་པའི་གྲོགས་ངན་ཁྲོ་གཉེར་ཅན། །དམར་བའི་སྡང་མིག་ཡོན་པོར་བསྐྱོད་པ་ཕལ། ། དབྱར་གྱི་སྤྲིན་མགོ་ནག་པོ་མང་གདེངས་པར། །གློག་ཕྲེང་འགྱུ་བས་མཚོན་བཞིན་ཆེས་མི་སྡུག། །ཅེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |