41809

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཟང་ (1)
Part of speech རྒྱན་ཚིག
Definition བཟང་པོ་ཡི་བསྡུས་ཚིག་སྟེ། ལེགས་པའམ་ཁྱད་དུ་འཕགས་པའི་དོན།
Example ཁོང་མི་བཟང་ཞིག་རེད། ཕ་བཟང་གི་བུ་ཕྲུག་ལྟ་བུ།
Antonyms ངན།
བཟང་ (2)
Part of speech རྒྱན་ཚིག
Definition སྤུས་ཀ་ལེགས་པའམ་རྣམ་པ་མཛེས་པའི་དོན་ཏེ།
Example གོས་བཟང་ཞིག་གྱོན་འདུག ལྷམ་བཟང་ཞིག་ཉོས་འདུག་ལྟ་བུ།
Antonyms ངན།
བཟང་ (3)
Part of speech རྒྱན་ཚིག
Definition ཕན་པའམ་ནུས་པ་དང་འབྲས་བུ་ཡག་པོའི་དོན་ཏེ།
Example སྨན་འདི་རླུང་ནད་ལ་བཟང་། ལུས་རྩལ་ནི་གཟུགས་པོར་བཟང་ལྟ་བུ།
བཟང་ (4)
Part of speech རྒྱན་ཚིག
Definition རྩུབ་མོའམ་གཏུམ་པོ་མིན་པའི་རྣམ་པ་སྟེ།
Example དགྲ་ལ་སྐད་ཆ་བཟང་པོ་བཤད་ལྟ་བུ།
བཟང་ (5)
Part of speech རྒྱན་ཚིག
Definition འཆམ་པོ་ཡོད་པའམ་མཐུན་པ་སྟེ།
Example སྔོན་ཆད་ངེད་གཉིས་ཧ་ཅང་བཟང་ན་ཡང་རྗེས་སུ་འགལ་ཟླ་ཆགས་པ་རེད་ལྟ་བུ།