41905
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྤྱོད་པའི་འདྲེན་སྒོ་འབྱེད་པར་བྱེད་པའི་ཡན་ལག་དྲུག་ཏུ་གསུངས་པའི་ཡ་གྱལ་ཞིག་སྟེ། སྡོམ་པའམ་ཚུལ་ཁྲིམས་བཟུང་བར་བྱ་བའི་ཚུལ་བསྟན་པའི་ཕྱིར་གཟུང་བའི་ཡན་ལག་ཅེས་བྱ། འདིའི་དོན་དགོངས་འདུས་ལས་བྱུང་བ་ལྟར་འགྲེལ་པ་གཟི་ལྡན་འཆར་ཁར་རྣམ་གྲངས་བདུན་གྱིས་སྒོ་ནས་སྡོམ་པ་བཟུང་བའི་ཚུལ་བསྟན་པ་འདི་ལྟར། ཚུལ་ཁྲིམས་བླང་བ་དང་། རྩ་བའི་འཕམ་པ་དང་། ལྷག་མ་སོགས་ལྟུང་བ། སྒོ་གསུམ་སྡོམ་པའི་རང་བཞིན་ཚུལ་ཁྲིམས་དང་ལྡན་པ། འཆལ་བའི་དྲི་མ་མེད་པའི་རང་བཞིན་དག་པ། འཁོར་བ་ལས་ངེས་པར་འབྱུང་བ། རྒྱལ་སྲིད་སོགས་མ་ཆགས་པར་ཡོངས་སུ་བཏང་བ་བཅས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |