41967

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཟོད་པ་ཐོབ་པའི་ཆོས་གསུམ་ (1)
Part of speech མིང་ཚིག
Definition སེམས་ཅན་ཡོངས་སུ་དག་པར་བྱ་བའི་ཕྱིར་བདག་མེད་པ། ཆོས་ཡོངས་སུ་དག་པར་བྱ་བའི་ཕྱིར་དབེན་པ། ཡེ་ཤེས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆགས་པ་མེད་པའོ། །
Domain ཆོས་ལུགས།
བཟོད་པ་ཐོབ་པའི་ཆོས་གསུམ་ (2)
Part of speech མིང་ཚིག
Definition སྔོན་གྱི་མཐའ་རྣམ་པར་དག་པར་བྱ་བའི་ཕྱིར་མི་ཟད་པའི་ཆོས་ཉིད། ཕྱི་མའི་མཐའ་རྣམ་པར་དག་པར་བྱ་བའི་ཕྱིར་མི་སྐྱེ་བའི་ཆོས་ཉིད། ད་ལྟར་བྱུང་བའི་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ལེགས་པར་གནས་པའི་ཆོས་ཉིད་དོ།
བཟོད་པ་ཐོབ་པའི་ཆོས་གསུམ་ (3)
Part of speech མིང་ཚིག
Definition ལུས་སུ་དག་པར་བྱ་བའི་ཕྱིར་བསོད་ནམས་ཀྱིས་ཉེ་བར་བརྟན་པ། ངག་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡེ་ཤེས་མཐའ་ཡས་པ། སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་ལ་དམིགས་པའོ། །