41969
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ནམ་མཁའ་ལ་ཞེ་འགྲས་པ་མེད་དེ། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ། ནམ་མཁའ་ལ་རྗེས་སུ་ཆགས་པ་མེད་དེ། རྙེད་པ་དང་བཀུར་སྟི་ལ་རྗེས་སུ་ཆགས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ། ནམ་མཁའ་ནི། མཉམ་པར་སྦྱོར་བ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་བཟོད་པ་ཡོངས་སུ་དག་པ། ནམ་མཁའ་ནི། མ་སྨད་མ་ཉམས་པ་སྟེ། ལུས་དང་སེམས་ཟད་པས་ཉམས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ། ནམ་མཁའ་ནི། བག་ལ་ཉལ་ཐམས་ཅད་སྤངས་པ་སྟེ། བག་ལ་ཉལ་མེད་པའི་བཟོད་པ་ཡོངས་སུ་དག་པ། ནམ་མཁའ་ནི། ཡིད་དང་དམིགས་པ་མེད་པ་སྟེ། ཡིད་དང་དམིགས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ། ནམ་མཁའ་ནི། མ་སྐྱེས་མ་བྱུང་བ་སྟེ། མ་སྐྱེས་མ་བྱུང་བའི་བཟོད་པ་ཡོངས་སུ་དག་པ། ནམ་མཁའ་ནི། གཟུགས་དང་གཟུགས་མེད་པ་ཐམས་ཅད་ཁྱབ་པ་སྟེ། བྱམས་པས་ཁྱབ་པའི་བཟོད་པ་ཡོངས་སུ་དག་པའོ། ། |
| Domain | ཆོས་ལུགས། |