4197

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱུང་ཆེན་མཁའ་ལྡིང་བརྟུལ་ཞུགས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་ཁྱུང་ཆེན་མཁའ་ལྡིང་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། ཁྱུང་ཆེན་མཁའ་ལྡིང་བརྟུལ་ཞུགས་ཀྱིས། །ལྟ་བའི་སྤྱི་རྒྱ་རླབས་ཀྱིས་གཅད། །ཅེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། མཁའ་ལྡིང་གི་རྒྱལ་པོ་ཁྱུང་ཆེན་གྱིས་གྱེན་ཕྱོགས་གང་ལ་མི་ལྟ་བའམ་ཁོབ་འོག་ཐམས་ཅད་མ་བལྟས་པར་གསལ་བ་ལྟར། བླ་མ་དང་གྲོགས་ལས་རང་བཟང་བར་མི་ལྟ་ཞིང་རང་གསལ་ལྟ་བའི་བརྟུལ་ཞུགས་ཏེ། ཞེས་གསུངས།
Domain ཆོས་ལུགས།