41976
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། སེར་སྨད་རྒྱལ་དབང་མཛོད་ལས། བཟོད་པ་འབྲིང་སྐད་ཅིག་མ་བརྒྱ་དང་བཅུ་དགུ་སྟེ། དེ་ཡང་བཟོད་པ་ཆུང་ངུ་རྣམ་པ་སུམ་ཅུ་རྩ་གཉིས་ཚང་བར་བསྒོམས་པའི་རྗེས་ལ། ཁམས་གོང་མ་གཉིས་བསྡོམས་པའི་གཉེན་པོ་ལམ་བདེན་གྱི་རྣམ་པ་བཞི་བོར་ཏེ་ལྷག་མ་ཉི་ཤུ་རྩ་བརྒྱད་བསྒོམ་པ་དང༌། དེ་ནས་འདོད་པའི་གཉེན་པོ་ལམ་བདེན་གྱི་རྣམ་པ་བཞི་བོར་ཏེ་ལྷག་མ་ཉི་ཤུ་རྩ་བཞི་དང༌། དེ་ནས་གོང་མ་གཉིས་ཀྱི་འགོག་བདེན་གྱི་རྣམ་པ་བཞི་བོར་ཏེ་ལྷག་མ་ཉི་ཤུ་དང༌། དེ་ནས་འདོད་པའི་འགོག་བདེན་གྱི་རྣམ་པ་བཞི་བོར་ཏེ་ལྷག་མ་བཅུ་དྲུག་དང༌། དེ་ནས་གོང་མ་གཉིས་ཀྱི་ཀུན་འབྱུང་གི་རྣམ་པ་བཞི་བོར་ཏེ་ལྷག་མ་བཅུ་གཉིས། དེ་ནས་འདོད་པའི་ཀུན་འབྱུང་གི་རྣམ་པ་བཞི་བོར་ཏེ་ལྷག་མ་བརྒྱད། དེ་ནས་གོང་མ་གཉིས་ཀྱི་སྡུག་བདེན་གྱི་རྣམ་པ་བཞི་བོར་ནས་ལྷག་མ་འདོད་པའི་སྡུག་བདེན་གྱི་རྣམ་པ་བཞི་བསྒོམ་པའི་བར་དབང་པོ་རྣོ་རྟུལ་འདྲ་ཞིང༌། དེ་ནས་སྒོམ་པ་པོ་དེ་ལ་དབང་རྣོན་ལྟ་བ་སྤྱད་པ་དང༌། དབང་རྟུལ་སྲེད་པ་སྤྱད་པ་གཉིས་ཡོད་པའི་དང་པོ་དེ་ཡིན་ན། འདོད་པའི་སྡུག་བདེན་གྱི་རྣམ་པ་དང་པོ་གཉིས་ལས་གང་རུང་ཞིག་དོར་ནས་ལྷག་མ་གསུམ་བསྒོམ་པ་དང༌། དེ་ནས་རྣམ་པ་དང་པོ་གཉིས་ཀ་དོར་ནས། ཕྱི་མ་གཉིས་བསྒོམ་པ་དང༌། དེ་ནས་དབང་རྣོན་ལྟ་བ་སྤྱད་པ་དེ་ལ་ཡང་བདག་ཏུ་ལྟ་བ་སྤྱད་པ་དང༌། བདག་གིར་ལྟ་བ་སྤྱད་པ་གཉིས་ཡོད་པའི་དང་པོ་དེ་ཡིན་ན་བདག་ལྟའི་གཉེན་པོ་བདག་མེད་པའི་རྣམ་པ་ལན་གཉིས་སུ་བསྒོམ་ལ། གཉིས་པ་དེ་ཡིན་ན་བདག་གིར་ལྟ་བའི་གཉེན་པོ་སྟོང་པའི་རྣམ་པ་ལན་གཉིས་སུ་བསྒོམ་མོ། །ཡང༌། དབང་རྟུལ་སྲེད་པ་སྤྱད་པ་ཡིན་ན་ནི་འདོད་པའི་སྡུག་བདེན་གྱི་རྣམ་པ་བཞི་ལས་ཕྱི་མ་གཉིས་གང་རུང་ཞིག་དོར་ནས་ལྷག་མ་དང་པོ་གསུམ་བསྒོམ་པ་དང༌། དེ་ནས་ཕྱི་མ་གཉིས་ཀ་དོར་ནས་དང་པོ་གཉིས་བསྒོམ་པ་དང༌། དེ་ནས་སྲེད་པ་སྤྱད་པ་དེ་ལ་ཡང༌། ང་རྒྱལ་ཤས་ཆེ་བ་དང༌། ལེ་ལོ་ཤས་ཆེ་བ་གཉིས་ལས་དང་པོ་ཡིན་ན་ང་རྒྱལ་གྱི་གཉེན་པོ་མི་རྟག་པའི་རྣམ་པ་ལན་གཉིས་སུ་བསྒོམ་ལ། གཉིས་པ་ཡིན་ན་ལེ་ལོའི་གཉེན་པོ་སྡུག་བསྔལ་གྱི་རྣམ་པ་ལན་གཉིས་སུ་བསྒོམ་པ་སྟེ། དེ་ལ་དབང་པོ་རྣོ་རྟུལ་གང་གི་དབང་དུ་བྱས་ཀྱང་སྐད་ཅིག་མ་བརྒྱ་དང་བཅུ་དགུའོ། །འདིའི་སྡོམས་སུ། ཉེར་བརྒྱད་རྩ་བཞི་ཉི་ཤུ་དང༌། །བཅུ་དྲུག་བཅུ་གཉིས་བརྒྱད་དང་བཞི། །གསུམ་གཉིས་རྣམ་པ་མཐའ་མ་གཅིག ། ལན་གཉིས་བསྣན་པ་འདི་ཡི་གྲངས། །ཞེས་གསུངས་ཏེ་གོ་སླའོ། །ཞེས་གསུངས། |
| Domain | ཆོས་ལུགས། |